མཚོ་སྔོན་གྱིས་ཉིས་སྟོང་བཅུ་བདུན་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྤྱི་གླིང་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་། ཞིང་ཆེན་གསར་འགྱུར་ལས་བཟོ་བའི་མཐུན་ཚོགས་བཅས་ཀྱིས་མཉམ་སྦྲེལ་སྒོས། ཉིས་སྟོང་བཅུ་བདུན་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཉིས་སྟོང་བཅུ་དྲུག་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསར་འགྱུར་དྲིལ་སྒྲོག་བྱ་བར་སྤྱི་སྡོམ་བྱས་ཏེ། ད་ལོའི་དྲིལ་སྒྲོག་བྱ་བའི་བསམ་ཕྱོགས་དང་གནད་ས་གཙོ་བོ་གསལ་འདོན་བྱས།

ཚོགས་ཐོག་ནས་ཞིང་ཆེན་གསར་འགྱུར་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་འགན་ཁུར་མི་སྣས། ཉིས་སྟོང་བཅུ་བདུན་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བཅོས་སྒྱུར་བྱ་བའི་དྲིལ་སྒྲོག་གི་གནད་ས་གཙོ་བོར་བཀོད་སྒྲིག་ཆ་ཚང་བཟོས་ནས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱེད་དང་ཞིང་ཆེན་ལྟེ་གནས་ཀྱི་སྨྱན་བྱེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལྟར། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་ཀྱི་ལྕགས་རི་བརྟན་པོ་སྐྲུན་བཞིན་པ་དང་ལྗང་བསྒྱུར་ལས་དོན་མགྱོགས་མྱུར་ངང་སྤེལ་བཞིན་པར་དྲིལ་སྒྲོག་གང་ལེགས་བྱས་ཏེ། མཚོ་སྔོན་གྱིས་རྨང་རྐང་བརྟན་པོའི་ངང་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་གཞི་འཛུགས་བཞིན་པ་དང་དེ་བསྟུན་གྱི་ཉམས་མྱོང་དཀོན་པོ་བསྡུ་བཞིན་པར་དྲིལ་སྒྲོག་གང་ལེགས་བྱེད་ཐུབ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།