གཙང་གསུམ་འབྱུང་ཡུལ་སྐབས་གཉིས་པའི་ནོར་གནག་རིག་གནས་དུས་ཆེན་དང་སྐབས་དང་པོའི་རྫ་ཆུའི་མགོ་ཁུངས་རི་གླུ་འགྲན་སྡུར་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན། དུས་ཡུན་ཉིན་བཞི་ཡིན་པའི་ཀྲུང་གོ་སྐབས་གཉིས་པའི་ནོར་གནག་རིག་གནས་དུས་ཆེན་དང་སྐབས་དང་པོའི་རྫ་ཆུའི་མགོ་ཁུངས་རི་གླུ་འགྲན་སྡུར་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུ་རུག་ཞང་ནས་སྤེལ་མགོ་བརྩམས། བྱ་འགུལ་འདིས་རྫ་སྟོད་མི་དམངས་ཀྱིས་སྐྱེ་ཁམས་རྫ་སྟོད་དང་འཆམ་མཐུན་རྫ་སྟོད། མཛེས་བའི་རྫ་སྟོད། བདེ་སྐྱིད་ཀྱི་རྫ་སྟོད་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས། དེ་མིན་རྫ་སྟོད་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ཕུལ་བའི་སྨོན་འདུན་བཟང་བོ་མཚོན་ཡོད།

གཙང་གསུམ་འབྱུང་ཡུལ་དང་རྫ་ཆུའི་འདབ་ཀྱི་རྫ་སྟོད་རྫོང་གིས་མི་ཀུན་གྱིས་བསྟོད་བསྔགས་བྱེད་པ་མ་ཟད་ཐུནམོང་མ་ཡིན་པའི་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ནོར་གནག་རིག་གནས་དང་སྐྱེ་ཁམས་རིག་གནས། གླུ་གར་རིག་གནས་སྦྲུམ་ཡོད། ད་ལོར། རྫ་སྟོད་རྫོང་གིས་དུས་ཆེན་གྱིས་ཡུལ་སྐོར་སྐུལ་བ་དང་ཡུལ་སྐོར་གྱིས་དཔལ་འབྱོར་སྐུལ་བ། དཔལ་འབྱོར་གྱིས་འཕེལ་རྒྱས་སྐུལ་བའི་བསམ་ཕྱོགས་ཀྱིས་འབྲི་ཆུའི་ལྷོ་ཕྱོགས་མགོ་ཁུངས་ཀྱི་རྫོང་དང་པོ་དང་ཀྲུང་གོ་དབྱར་རྩྭ་དགུན་འབུའི་རྫོང་དང་པོ། གངས་རིའི་ནོར་གནག་རིག་གནས་ཀྱི་འབྱུང་ཡུལ་སོགས་དྲིལ་བསྒྲགས་བརྗོད་གཞི་བསྐྲུན་ནས། གཙང་གསུམ་འབྱུང་ཡུལ་སྐབས་གཉིས་པའི་ནོར་གནག་རིག་གནས་དུས་ཆེན་དང་སྐབས་དང་པོའི་རྫ་ཆུའི་མགོ་ཁུངས་རི་གླུ་འགྲན་སྡུར་སྤེལ། ཐེངས་འདིའི་བྱ་འགུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཉིས་སྟོང་བཅུ་དྲུག་ལོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་འགུལ་རབ་དང་རིམ་པའི་གྲུབ་ཆ་གཙོ་བོ་ཡིན་ལ། རྫ་སྟོད་རྫོང་གི་གཞུང་དྲང་བབ་ཆགས་ཀྱི་མི་རིགས་གོམ་སྲོལ་གསལ་བོར་མཚོན་པ་དང་གནའ་བོའི་གེ་སར་རིག་གནས་ཀྱི་ཁྱད་འཕགས་ཐོན་ཁུངས་སྔོག་འདོན་བྱས་ཏེ་རྫ་སྟོད་ཁྱད་འཕགས་རིག་གནས་ཀྱི་མིང་རྟགས་བསྐྲུན་ནས་ཕྱོགས་བསྡུས་སྒོས་གཙང་གསུམ་འབྱུང་ཡུལ་ནོར་གནག་རིག་གནས་དང་གངས་རིའི་རི་གླུའི་རིག་གནས་ཀྱི་ཡིད་དབང་འཕྲོག་པའི་དོན་སྙིང་མཚོན་པར་བྱས་ཡོད།  

མ་འོངས་པའི་ཉིན་བཞིའི་རིང་གི་བྱ་འགུལ་ཁྲོད། ནོར་གནག་རིག་གནས་འགྲེམ་སྟོན་དང་འབྲོག་པའི་རུ་སྤོ་བའི་རིག་གནས་འགྲེམ་སྟོན། སྲོལ་རྒྱུན་གྱོན་ཆས་འཁྲབ་སྟོན། རྟ་རྒྱུག་འགྲན་སྡུར་སོགས་སྤེལ་རྒྱུ་ཡིན་ལ། དེའི་ནང་ད་རུང་ལྕི་བའི་རིག་གནས་འགྲེམ་སྟོན་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་འགྲེམ་སྟོན། འོ་མ་དང་མར། དབྱར་རྩྭ་དགུན་འབུ་སོགས་རིན་བཅག་ཚོང་སྒྱུར་སོགས ཀྱི་བྱ་འགུལ་སྤེལ་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།