མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་དང་མཚོ་ལྷོ། ཁྲི་ཀ་རྫོང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ལ་སོང་སྟེ་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དྲུག་དང་ཚེས་བདུན་ཉིན་གཉིས་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཁྲི་ཀ་རྫོང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ལ་སོང་སྟེ་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ལས་ཁུངས་དང་སྡེ་ཁག་གི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བསྡོམས་པས་སྟོང་གཅིག་དང་ལྔ་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས།

      མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུའུ་ཞིན་ཀི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཝེ་ཀྲུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་གཙོ་བུའུ་ཡུང་ལེང་བཅས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་རྟོག་སྲོལ་ཡིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་མགོ་ཁྲིད་ལས་བྱེད་པ་གཙོར་བཟུང་སྟེ་དམ་འཛིན་བྱེད་པ་སོགས་ལ་དམིགས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ནང་དོན་གོ་རིམ་ཡོད་པའི་སྒོ་ནས་འགྲེལ་ཀློག་བྱས།

       སྙན་ཞུ་ཚོགས་འདུ་མཇུག་རྫོགས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་སོང་ནས་རྒྱུས་ལོན་བྱེད་དཀའ་བའི་གནད་དོན་ལ་གསལ་བཤད་ཞིབ་མོ་བྱས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་སློབ་གཉིས་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་གལ་ཆེན་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ད་ལོའི་ལས་འགན་སྣ་ཚོགས་ནན་ཏན་སྒོས་འཛིན་བྱེད་པ་དང་སྔ་མོ་ནས་སང་ལོའི་བྱ་བར་འཆར་འགོད་བཟང་བོ་བྱས་ནས། ཧུར་ཐག་སྒོས་སློབ་སྦྱོང་གྲུབ་འབྲས་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།