རྒྱལ་ཁབ་དར་ཐོག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སྟོད་པ་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཏཱ་མའོ་ཧོང་རྟགས་མའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་པེན་ཧུའུ་གདན་ཞུ་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོའི་སྟེང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཅང་ཧྲི་ཚེ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཉིན་གཉིས་ཀྱིས་མཚོ་སྔོན་ནས་དགུན་དུས་ཀྱི་ལུས་རྩལ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་འཐས་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་མ་ཟད། མཚོ་སྔོན་གྱི་སྟོད་པ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ལ་རྒྱལ་ཁབ་དར་ཐོག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་བྱང་བུ་བྱིན་པ་དང་། དེས་མཚོ་སྔོན་གྱི་དར་ཐོག་ལུས་རྩལ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

མཚོ་སྔོན་ལ་དགུན་དུས་ལུས་རྩལ་ཐད་ནས་ལོ་རྒྱུས་རིང་བོ་དང་ཁྱད་འཕགས་ཀྱི་ནམ་ཟླའི་ཆ་རྐྱེན་ལྡན་པ་དང་། མཚོ་སྔོན་ནི་རྒྱལ་ཡོངས་སུ་གངས་དར་ལུས་རྩལ་སྤེལ་བ་ཅུང་སྔ་བའི་ས་ཁུལ་ཡིན་ལ། མཚོ་སྔོན་ཞིང་ཆེན་སྲིང་གཞུང་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་པོ་ནས་བསྟུད་མར་དར་ཐོག་དང་གངས་ཐོག་ཁམས་གསེང་ལུས་རྩལ་ལས་གཞི་གསར་སྤེལ་བྱས་ནས། ས་གནས་དེའི་ལུས་རྩལ་འཛད་སྤྱོད་ཚོང་ར་འཕེལ་རྒྱས་སུ་བཏང་། ཆ་ཚང་མིན་པའི་བསྡོམས་རྩིས་ལྟར་ན། མིག་སྔར་མཚོ་སྔོན་གྱིས་གསར་སྤེལ་བྱས་པའི་གངས་དར་ལུས་རྩལ་ལས་གཞི་ཉེར་གཅིག་ཏུ་བསླེབས་པ་དང་། དེ་ལས་མང་ཆེ་བ་མི་གྲངས་འདུས་སྡོད་བྱེད་སའི་ཙོང་ཆུའི་གཞོང་ས་རུ་ཆགས་ཡོད་ལ། ལོ་རེར་ལུས་རྩལ་ལས་གཞི་ཁྲོད་ཞུགས་པའི་མི་གྲངས་འབུམ་གཅིག་ལྷག་ལ་བསླེབས་པ་མ་ཟད། ལོ་རེ་བཞིན་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ནས། དགུན་དུས་ལུས་རྩལ་འཛད་སྤྱོད་གཙོ་བོར་གྱུར་ཡོད།

སྤྱི་ཁོག་ནས་བལྟས་ཡོང་ན། མཚོ་སྔོན་ཞིང་ཆེན་གྱི་གངས་དར་ལུས་རྩལ་ལས་གཞི་གསར་སྤེལ་དང་ཚོང་གཉེར་ཐད་ནས་ལུས་སྦྱོང་དང་ཁམས་གསེང་རིག་གནས། གནས་སྐོར་དང་ཉོ་ཚོང་གཞི་གཅིག་ཅན་གྱི་ལོངས་སྤྱོད་རང་བཞིན་དང་འཛད་སྤྱོད་རང་བཞིན་གྱི་ཁྱད་ཆོས་ལྡན་ལ། ལུས་རྩལ་ཐོན་ལས་ལས་རིགས་ལས་བརྒལ་ནས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཁ་ཕྱོགས་དང་མཐུན་པ་དང་། ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་དགུན་དུས་ལུས་སྦྱོང་གི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། དར་མ་དང་གཞོན་ནུ་ཚོགས་ཀྱི་ལུས་སྦྱོང་ཁམས་གསེང་དགོས་མཁོ་བསྐངས།

རྒྱལ་ཁབ་དར་ཐོག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སྟོད་པ་རྟེན་གཞི་རུ་བཙུགས་པ་དེས། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་ཐད་ཀྱི་ཞན་ཆ་ཁ་གསབ་དང་མང་ཚོགས་ཀྱི་སྣ་མང་བའི་ལུས་སྦྱོང་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་རེ་བ་དང་ཡང་མཐུན་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་སྐུལ་འདེད་ནུས་པ་ཐོན་ཐུབ་ཟེར།  །
 


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།