སྐབས་དང་པོའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་བསྡུར་ཁྲི་ཀ་རུ་བསྡུས།

 3e3dcf950e35a7fa07d4e4327e96e028.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

iRPཀྲུང་གོ་བོད་ཀྱི་དྲ་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ།  མཁའ་འགྲོ་ཚེ་བརྟན། བསམ་འཕེལ་ནོར་བུ། ཚེ་མཁར་རྒྱལ།)ཟླ3པའི15ཉིན་གྱི་དགུང་མོར། ཀྲུང་གོ་བོད་ཀྱི་དྲ་བ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཉི་ཟླ་གུར་ཁྱིམ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་སྐབས་དང་པོའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་བསྡུར་ཁྲི་ཀ་རྫོང་སྐལ་བཟང་ནོར་བུ་གླིང་དུ་བསྡུས།iRPཀྲུང་གོ་བོད་ཀྱི་དྲ་བ།

8923da5edeee40f297e5e238d1f8c79d.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་འཕྲུལ་རྟ་རྟགས་མའི་གླུ་ཤགས་འགྲན་ཚོགས་ཀྱི་གླུ་བ་གླུ་བ་རྣམས་ནི་དེ་སྔོན་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཆེན་རྫོང་། མདོ་ལ་རྫོང་བཅས་འགྲན་ཁུལ་ལྔ་ནས་བསྐྱར་འགྲན་བྱས་ཏེ་གླུ་བ་གླུ་མ70ལས་གླུ་བ11དང་གླུ་མ8བཅས་བསྡོམས་པས་མི19རྟིང་རྩོད་འགྲན་བསྡུར་ནང་ཞུགས་ཤིང་ཛ་དྲག་དང་སྙན་འཇེབས་ཀྱི་གླུ་སྐད་ཁྲོད་དགོང་མོའི་དུས་ཚོད6ལྷག་ལ་འགྲན་བསྡུར་བྱས་མཐར།  རྐང་ཚའི་གླུ་བ་ཚེ་ཕྱུག་རྒྱལ་དང་མདོ་ལའི་གླུ་མ་སྲིང་གཞིས་གཉིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།  རྩེ་ཁོག་གླུ་བ་སྐལ་བཟང་དང་རྐང་ཚའི་གླུ་བ་ཀླུ་འབུམ་ཚེ་རིང་།རྐང་ཚའི་གླུ་མ་གསེར་བཟང་སྒྲོལ་མ།མདོ་ལའི་གླུ་མ་འབྲུག་མོ་བཞི་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་གླུ་བ་གླུ་མ་དྲུག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་འཕྲོ་མ་མི་བདུན་ལ་ཕུལ་བྱུང་བྱ་དགའ་ཐོབ།གཟེངས་རྟགས་བྱ་དགའ་ལ་རིན་གོང་མི་འདྲ་བའི་འཕྲུལ་རྟ་གཅིག་རེ་དང་པི་ཝང་རེ་བྱིན།iRPཀྲུང་གོ་བོད་ཀྱི་དྲ་བ།

bf28db7ec2da533899ba0b775be86a1a.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

8b6fb8f413e4689c8dc549079042de6e.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་གླུ་ཤགས་འགྲན་བསྡུར་ནི་བོད་ཀྱི་དམངས་སྲོལ་རིག་གནས་ལས་ངག་རིག་སྒྱུ་རྩལ་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ། སྒོས་སུ་ཡུལ་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེ་ཞིང་མང་ཚོགས་ཀྱི་ཆེས་དགའ་བསུ་ཐོབ་པའི་གླུ་ཤགས་རིག་གནས་རིམ་གྱིས་ཉམས་རྒུད་དུ་འགྲོ་བར་དམིགས་ཏེ་ཡབ་མེས་དམ་པ་རྣམས་ཀྱི་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད་དང་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་བསྡུས་པའི་འགྲན་ཚོགས་ཆེན་མོ་ཞིག་ཡིན།iRPཀྲུང་གོ་བོད་ཀྱི་དྲ་བ།

b4dcdd87e6c97cd4a6cc83be8f35bff4.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཟླ་གུར་ཁྱིམ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་རྒྱ་མཚོ་ལ་མཚོན་ན་རང་ནུས་ཅི་ལྕོག་སྒོས་མི་རིགས་རང་གི་འཚོ་བ་མངོན་པར་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གདོད་མའི་ངག་ཐོག་སྒྱུ་རྩལ་ཏེ་སྲོལ་རྒྱུན་གྱི་གླུ་དང་ལ་གཞས། སྲིད་པ། ཤགས་སོགས་ཀྱི་ཐད་ལ་མ་སྐུལ་དང་བླངས་སྒོས་བོད་ཁམས་ཀྱི་ས་ཆ་སོ་སོ་ནས་འགྲན་བསྡུར་སྣ་ཚོགས་སྤེལ་ཏེ་བོད་ཀྱི་དམངས་སྲོལ་རིག་གནས་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་འདུགiRPཀྲུང་གོ་བོད་ཀྱི་དྲ་བ།

73166ab576cec2d28c563322b22b3e6b.jpgiRPཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།