མཚོ་སྔོན་གྱིས་དངོས་འབེབས་བྱས་པའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར10ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཐད་མ་དངུལ་གཏོང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ན་ནིང་ཀྲུང་གི་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར10.347བརྩོན་ལེན་དང་དངོས་འབེབས་བྱས་ཤིང་། དེ2015ལོ་དང་བསྡུར་ན19.7%འཕར་བ་དང་། ཐོག་མར་སྒོར་དུང་ཕྱུར10ལས་བརྒལ་བ་རེད། དུས་མཚུངས་སུ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར6.82དངོས་འབེབས་བྱས་པ་དང་། དེས་ས་གནས་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར15སྐུལ་ཁྲིད་བྱས་ལ། རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་གི་ཁོར་ཡུག་གཙོ་གནད་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་བྱ་བ་ལག་བསྟར་བྱེད་པར་ཕན་ནུས་ལྡན་པའི་འགན་སྲུང་ཐོབ་ཡོད།UXPཀྲུང་གོ་བོད་ཀྱི་དྲ་བ།

 ལོ་གཅིག་གི་རིང་། རྒྱལ་ཁབ་ཀྱི་དངུལ་གཏོང་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་མངོན་གསལ་ཐོབ་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་ཚད་ལེན་དྲ་བ་འཛུགས་སྐྲུན་ལ་ཤུགས་ཆེར་སྐུལ་འདེད་བཏང་བ་དེས“གནམ་ས་གཅིག་གྱུར་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་ཚད་ལེན་མ་ལག་ཐོག་མར་བཙུགས་པའི་རྨང་གཞིའི་སྟེང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་སོགས་ལྟ་བཤེར་ཚད་ལེན་ས་ཚིགས24བདམས་ནས་མཚོ་སྔོན་གྱི“སྐྱེ་ཁམས་སྒེའུ་ཁུང”བཙུགས་པ་དང་། སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་ཅན་ལ་དུས་ལྟར་ལྟ་བཤེར་ཚད་ལེན་བྱེད་པ་མངོན་འགྱུར་བྱས།UXPཀྲུང་གོ་བོད་ཀྱི་དྲ་བ།

དུས་མཚུངས་སུ་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར2.55བརྩོན་ལེན་བྱས་ཏེ། མཐོ་སྒང་མཛེས་སྡུག་ཤང་གྲོང་དང་སྡེ་བ་དབུལ་ཐར་གཏོང་བ་གཉིས་ཟུང་སྦྲེལ་བྱེད་པ་གཙིགས་སུ་བཟུང་སྟེ། སྡེ་བ་དང་རུ་སྤོར་འབྲོག་དམངས་གཏན་སྡོད་ས་ཚིགས500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཀོད་སྒྲིག་བྱས་ནས། གཙོ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རོང་འབྲོག་ཁུལ་དང་ཤར་རྒྱུད་ཀྱི་ཞིང་ལས་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་གནད་དོན་ཐག་གཅོད་བྱས། མིག་སྔར། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར15བཏང་ནས་སྡེ་བ་དང་རུ་སྤོར་འབྲོག་དམངས་གཏན་སྡོད་ས་ཚིགས2515ལ་བཅོས་སྐྱོང་བྱས་པ་དང་། དེ་ཞིང་ཆེན་ཡོངས་ཀྱི54%ཡི་རྫོང་ལ་ཁྱབ་ཡོད་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་ཁུལ་ཡོངས་ལ་ཁྱབ་པ་ཐོག་མར་མངོན་འགྱུར་བྱས་ཡོད།  །UXPཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།