རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་བདེ་སྲུང་དངོས་རྫས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་པའི་ཆེད་དོན་འགུལ་སྤྱོད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཟབ་ནན་གྱིས་བདེ་སྲུང་དངོས་རྫས་རྫུན་མ་འཚོང་བར་སྔོན་འགོག་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རང་ས་གནས་ཀྱི་བདེ་སྲུང་དངོས་རྫས་ཚོང་ཁང་ལ་ཁྱོངས་ཡོངས་རང་བཞིན་གྱི་ཞིབ་བཤེར་བྱས།Mlhཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་འགུལ་སྐྱོད་ལ་ཐུན་རིན་རྫོང་གིས་སྡོམ་པས་ཁྲིམས་འཛིན་མི་སྣ་བརྒྱ་དང་བཅོ་བརྒྱད་མངག་སྟེ་རང་འདེམ་ཚོང་ཁང་ཉེར་བཞི་དང་སྨན་རྫས་ཚོང་ཁང་སུམ་ཅུ་ལ་ཞིབ་བཤེར་བྱས་པ་མ་ཟད། སྨན་རྫས་ཚོང་ཁང་སུམ་ཅུ་དང་མཉམ་དུ་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་བདེ་འཇགས་ཁག་ཐེག་ཡི་གེའི་སྟེང་མིང་བཀོད། ཁྲིམས་འཛིན་མི་སྣས་མངོན་དུ་ཞིབ་བཤེར་བྱེད་པ་དང་ལྐོག་ཏུ་འདྲི་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གཙོ་བོར་ལས་རིགས་བདག་གཉེར་གཙོ་བོའི་ཐོབ་ཐང་དང་ཚོང་གཉེར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ལུགས་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་བྱས།Mlhཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་བཤེར་ཁྲོད། ཁྲིམས་འཛིན་མི་སྣས་གཟབ་ནན་གྱིས་ཚོང་གཉེར་ཁང་གིས་ཞིབ་བཤེར་ཆོག་མཆན་ཐོབ་པའི་ཚོང་གཉེར་ཁྱབ་ཁོངས་ལས་བརྒལ་ཏེ་སྨན་རྫས་དང་བདེ་སྲུང་དངོས་རྫས། ཐོན་རྫས་རྫུན་མ་འཚོང་བཞིན་ཡོད་མེད་ལ་ཞིབ་བཤེར་བྱས་པ་དང་འཛད་སྤྱོད་པ་བསྡུས་ཏེ་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་ཁྲོད་བདེ་སྲུང་དངོས་རྫས་ཀྱི་ནུས་པ་དང་སྤྱོད་ཡུལ་བཅས་དྲིལ་སྒྲོག་རྫུན་མ་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་བྱས།
ཐེངས་འདིའི་ཞིབ་བཤེར་བརྒྱུད་དེ། ཁྱོན་ཡོངས་ནས་ཐུན་རིན་རྫོང་གི་བདེ་སྲུང་དངོས་རྫས་ཀྱི་ཚོང་གཉེར་གོ་རིམ་ཚད་ལྡན་དུ་བཏང་བ་དང་དོན་དངོས་དང་མཐུན་པའི་སྒོ་ནས་སྤྱི་བའི་བདེ་སྲུང་དངོས་རྫས་བདེ་འཇགས་ལ་འགན་སྲུང་བྱས།  །Mlhཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།