པད་མ་རྫོང་གིས་མི988བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྐྱོར་འགག་སྒྲོལ་བྱ་བ་སྤེལ་ཚུན་དུ།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་དབུལ་རྒྱ་ཆེ་བ་དང་དབུལ་ཕོངས་མི་གྲངས་མང་བ།དབུལ་ཚད་ཆེ་བ་སོགས་ཀྱི་དོན་དངོས་ལ་དམིགས་ནས།“སྐྱོར”བའི་ཐབས་དང“ཐར”བའི་དམིགས་འབེན་དམ་པོར་བཟུང་སྟེ།“ལྔ་བཅུ་གསུམ”གྱི་མགོ་ཚུགས་མ་ཐག པད་མ་རྫོང་གིས་དབུལ་སྐྱོར་འགག་སྒྲོལ་བྱེད་མགོ་བརྩམས་པས། མི988བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱས།

2016ལོར་རྫོང་ཡོངས་ཀྱིས་གྲུབ་ཆེན་ཞང་གྲུབ་ཆེན་སྡེ་བ་ཧྲིལ་པོ་དབུལ་ཕོངས་ལས་ཐར་བའི་འཆར་གཞི་ལ་དམིགས་ནས།“སྐོར་གཅིག་ཅན་བརྒྱད”ཀྱི་དབུལ་ཐར་འགག་སྒྲོལ་གྱི་འགུལ་སྐྱོད་འཆར་གཞི་ལྟར།སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིམ་དང་གནད་ཁེལ་ཤུགས་འདོན་བྱས།དམངས་སྲིད་སྡེ་ཁག་གིས་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང41དང་མི124གཏན་འཁེལ་བྱས་པ་དང་།མ་མཐའི་འཚོ་བའི་མ་དངུལ་སྒོར་ཁྲི15.5སྤྲད།ཞིང་ཕྱུགས་དང་ནགས་ལས་སྡེ་ཁག་གིས་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱས་ཏེ་མི405ལ་ཕན་ཐོགས་པར་བྱས།གནད་ཁེལ་དབུལ་སྐྱོར་གྱི་ཁྱིམ་ཚང47ལ་ཡིག་ཚགས་དང་བྱང་བུ་བཟོས།སློབ་གསོ་སྡེ་ཁག་གིས་སྒོར་ཁྲི800བཏང་ནས་གྲུབ་ཆེན་ཞང་དུ་ཚད་གཞི་ཅན་གྱི་སློབ་གྲྭ་དང་སློབ་སྔོན་སློབ་གསོའི་ལས་གཞི་བསྐྲུན་པས།ལོ15ཡི་རིན་མི་ལེན་པའི་སློབ་གསོ་མངོན་འགྱུར་བྱས།དུས་མཉམ་དུ་རྒྱལ་ཁབ་ཀྱི“1+3+9”ཡི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་དང་།ཞིང་ཆེན་གྱི“མཛེས་པའི་སྐྱིད་ཁྱིམ”གྱི་སློབ་མའི་རོགས་སྐྱོར་ཐེབས་རྩ།ཁུལ་དབུལ་ཕོངས་ཁྱིམ་ཚང་གི་བུ་བུ་མོའི་རོགས་དངུལ།རྫོང་སློབ་གསོ་རོགས་སྐྱོར་མ་དངུལ་སོགས་མཉམ་སྡེབ་སྒོས་བཀོལ་བས།དབུལ་ཕོངས་ཀྱི་དབང་གིས་སློབ་གྲྭར་ཞུགས་པའི་གོ་སྐབས་ཤོར་བ་དང་སློབ་གྲྭར་ཞུགས་པས་དབུལ་ཕོངས་སུ་གྱུར་པའི་སྣང་ཚུལ་འབྱུང་བ་བཀག་འགོག་བྱས།

དབུལ་ཐར་འགག་སྒྲོལ་བྱེད་ན་ཐོག་མར་ཐོན་ལས་སྤེལ་དགོས།ན་ནིང་རྫོང་དེས་མ་དངུལ་སྒོར་ཁྲི30བཏང་ནས་གྲུབ་ཆེན་སྡེ་བར་འཚེམ་བཟོ་དང་རླངས་འཁོར་ཞིག་གསོ།གཡོས་སྦྱོར་སོགས་གསོ་སྦྱོང་ལས་གཞི་ལག་ཏུ་བསྟར་ནས།མི120ལ་ཕན་ཐོགས་སོང་།དབུལ་སྐྱོར་སྡེ་ཁག་གིས་མ་དངུལ་སྒོར་ཁྲི960བཏང་ནས་གྲུབ་ཆེན་ཞང་དུ་ས་གཞན་དུ་གནས་སྤར་བའི་ལས་གཞི48ལག་ཏུ་བསྟར་བར་མ་ཟད།ནོར་ཉོ་བའི་ལས་གཞི་ལག་ཏུ་བསྟར་བ་དང་གྱོན་ཆས་ལས་སྣོན་བཟོ་གྲྭ་བཙུགས།སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་ཏུ་བསྟར་བས།རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས988དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱས།དབུལ་ཐར་མི་གྲངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་སྒོ་སྒོར4000ལས་བརྒལ་བས།དབུལ་ཕོངས་ཀྱི་མ་མཐའི་ཡོང་སྒོ་ལས་སྒོར1000གིས་མཐོ་ཞིང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཁྱོན་ཡོངས་ནས་ཐོབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།