མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་མི་གཅིག་ལས་ཞུགས་བྱས་ཏེ་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མི་གཅིག་ལས་ཞུགས་བྱས་ཏེ་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

གུང་ཧོ་རྫོང་གིས་མི་གཅིག་ལས་ཞུགས་བྱས་ཏེ་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་དབུལ་ཐར་བསམ་ཕྱོགས་དང་དམིགས་འབེན་གཞིར་བཟུང་ནས་ཧུར་ཐག་གིས་དབུལ་ཕོངས་ཁྱིམ་ཚང་དག་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཡོང་འབབ་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ནས་དབུལ་ཕོངས་ཁྱིམ་ཚང་དག་ལ་ཡུན་རིང་བརྟན་འཇགས་ཀྱི་ཡོང་འབབ་ཡོད་པར་བྱས་པ་དང་དུས་ཐོག་ཏུ་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ལྷག་མའི་ཞིབ་བཤེར་བྱ་བ་སྤེལ་ཏེ་ལས་ཞུགས་ལ་བརྟེན་ནས་དབུལ་ཐར་ཕྱུག་སྒྱུར་བྱེད་འདོད་པས་དབུལ་ཕོངས་མི་གྲངས་དག་རང་ཉིད་ཀྱི་ཁྱད་ཆོས་ལྟར་ཐོ་འགོད་བྱེད་རྒྱུ་ཡིན་པར་མ་ཟད་རྫོང་དབུལ་སྐྱོར་སྡེ་ཁག་གིས་སྣེ་ཁྲིད་བྱས་ཏེ་རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་ཁེ་ལས་སོ་སོར་མཐུན་སྦྱོར་བྱེད་པ་དང་ལས་ཁུངས་ཁག་གི་ལས་གནས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་དགོས་མཁོ་གཞིར་བཟུང་ནས་ལས་མི་བསྡུ་བའི་བྱ་བ་སྤེལ་རྒྱུ་རེད།

གུང་ཧོ་རྫོང་ཡོངས་ཀྱིས་ཉེ་ལམ་དབུལ་ཕོངས་མི་གྲངས་སྟོང་གཅིག་བརྒྱ་དང་ང་གཉིས་གདམ་ནས་སོ་སོར་རྫོང་ཐད་གཏོགས་ལས་ཁུངས་ཉེར་བརྒྱད་དང་ཁེ་ལས་དགུ། དེ་མིན་སྲིད་གཞུང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཁྲོད་འོས་སྦྱོར་བྱས་ཏེ་ལས་ཞུགས་བྱེད་དུ་འཇུག་རྒྱུའི་འཆར་གཞི་ཡོད། དེའི་ནང་སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་མི་ཉིས་བརྒྱ་སོ་བཞི་དང་ཁེ་ལས་ཀྱི་དུས་ཡུན་རིང་འབྲིང་གི་ངལ་རྩོལ་ལས་གནས་སུ་མི་བརྒྱ་དང་དྲུག་ཅུ། སྲིད་གཞུང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་ནང་མི་བདུན་བརྒྱ་ང་བརྒྱད་ལས་ཞུགས་བྱེད་ཐུབ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།