ཝང་ཅན་ཅུན་གྱིས་སྐབས་བཅུ་དྲུག་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་གྲ་སྒྲིག་དང་ལུས་རྩལ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་སྐབས་བཅུ་དྲུག་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་གྲ་སྒྲིག་དང་ལུས་རྩལ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་འཕེལ་རྒྱས་འདུ་ཤེས་གསར་བ་ལྟག་བསྟར་བྱེད་པ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བར་བརྟེན་ནས་ཏན་ཏན་ཏིག་ཏིག་གི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་ཁྲོད་ལུས་རྩལ་འཕེལ་རྒྱས་ཀྱི་གནས་ཚད་གཏན་ཁེལ་བྱེད་པ། ལུས་རྩལ་ལས་དོན་དང་ལུས་རྩལ་ཐོན་ལས། ལུས་རྩལ་ལས་རིགས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱེད་བཞིན་པའི་ལུས་རྩལ་བདེ་ཐང་གི་དགོས་མཁོ་ཐད་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱེད་དགོས་ཟེར།
r30ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་སྔ་གཞུག་ཏུ་ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་དང་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས། ཞིང་ཆེན་ལུས་རྩལ་རྒྱམ་ཤོག་དོ་དམ་ལྟེ་ནས། སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གནས་བཅས་སུ་སོང་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། སྐབས་རེ་རེའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ཐད་ཧ་ཅང་མཐོང་ཆེན་བྱས་ཏེ། མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས་པ་དང་། དཔུང་སྡེ་བཟང་བོ་སྐྱེད་སྲིང་བྱས་ཟེར། ཁོས་ནན་གྱིས་བསྟན་དོན། ལུས་རྩལ་ནི་སྙིང་སྟོབས་དགོས་པའི་ལས་དོན་ཞིག་ཡིན་ལ། ལུས་རྩལ་གྱི་སྙིང་སྟོབས་དང་ལྷག་པར་དུ་ལྔ་ཡི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དང་ཚོགས་ཁག་གི་མཉམ་ལས་སྙིང་སྟོབས་དར་སྤེལ་བྱེད་ན། རྒྱལ་སྤྱི་ཅན་དང་ལས་རིགས་ཅན། ཚོང་ར་ཅན་དུ་བསྒྱུར་བ་དམིགས་འབེན་དུ་བྱས་ནས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་བཟང་བོ་བསྒྲུབ་པ་དང་། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་ཚེ་སྲོག་ནུས་ཤུགས་ཆེར་བསྐྱེད་དགོས་ཟེར།r30ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལུས་རྩལ་ནི་བདེ་ཐང་གི་ལུས་ཕུང་སྐྱེད་སྲིང་བྱེད་པ་དང་། མི་གཤིས་བཟང་བོ་གསར་བཟོ་བྱེད་པ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན་ལ། ས་ཁུལ་ཞིག་གི་མཉེན་ཤུགས་མཚོན་བྱེད་གཙོ་བོ་ཡིན་པས། གཅིག་ནས་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། གཉིས་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གསུམ་ནས་ལུས་རྩལ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། དམངས་ཡོངས་ཀྱི་བདེ་ཐང་ལ་བརྟེན་ནས་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་སྐུལ་འདེད་དང་། ལུས་རྩལ་ཐོན་ལས་ལ་བརྟེན་ནས་འཛད་སྤྱོད་དགོས་མཁོ་གསར་བ་གསར་སྐྲུན་བྱེད་པ་དང་དེར་སྣེ་ཁྲིད་བྱེད་པ། ལུས་རྩལ་ལས་རིགས་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ལུས་རྩལ་གྱི་གསོན་ཤུགས་དང་དངོས་ཤུགས་ཆེར་བསྐྱེད་དགོས་ཟེར།r30ཀྲུང་གོ་བོད་ཀྱི་དྲ་བ།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་པའི་ལུས་རྩལ་པ་དང་དགེ་རྒན་ལ་འཚམས་འདྲི་བྱས།r30ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཅན་ཧྭ་ཡིས་མཉམ་དུ་རྟོག་ཞིབ་བྱས། །r30ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།