མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་ལུས་རྩལ་དང་གནས་སྐོར་ཟུང་དུ་འབྲེལ་བའི་རྣམ་གྲངས་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྟར་སློབ་ཆེན་ཐོན་པའི་སྐབས། མཚོ་སྔོན་པོའི་འགྲམ་དུ་ལྟོ་ཕད་ཁུར་ནས་རྐང་འཁོར་བཞོན་ཏེ་འགྲོ་མཁན་མི་མང་པོ་ཞིག་མཐོང་རྒྱུ་ཡོད། ཁོང་ཚོས་ས་མཐོར་ཡིད་སྨོན་བཅངས་ནས་རྐང་འཁོར་བཞོན་ཏེ་རང་ཉིད་ཀྱི་སློབ་གྲྭ་ཐོན་སྐབས་ལ་དྲན་གསོ་ཞུ་ཡི་ཡོད། དེས་ན་མཚོ་སྔོན་པོའི་འགྲམ་དུ་ཆགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏུ་ལུས་རྩལ་དང་ཡུལ་སྐོར་ཟུང་དུ་སྦྲེལ་ནས“ཁྱབ་ཁོངས་སྒྲོལ་བའི”རྣམ་གྲངས་གཉེར་བས་དམངས་ཚོགས་ལ“ཐོབ་ཚོར”ཆེན་པོ་བྱུང་ཡོད།
iRlཀྲུང་གོ་བོད་ཀྱི་དྲ་བ།

མདའ་བཞི་རྐང་འཁོར་འགྲུལ་བཞུད་རྟེན་གཞི་ནི་མཚོ་བྱང་ཀྲོའུ་ཡི་གསེར་དངུལ་ཐང་དུ་ཡོད་ཅིང་། མཚོ་སྔོན་པོ་སྐོར་སྐབས་རྟེན་གཞི་འདིའི་རྐང་འཁོར་བབས་ཚུགས་ལྔ་རུ་ངལ་གསོ་རྒྱག་པ་སོགས་བྱེད་ཀྱི་ཡོད། དེར་བརྟེན། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པའི་མདའ་བཞི་རྟེན་གཞིའི་འགན་འཁུར་བ་བློ་བཟང་རྒྱ་མཚོས་མཚོ་སྔོན་པོ་སྐོར་བའི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱ་བ་གཉེར་བ་ཡིན་ཞེས་བཤད་པ་དང་། ཁོང་གིས་མདའ་བཞི་རྟེན་གཞིར་དམངས་སྲོལ་ཁང་དང་ས་མཐོའི་དམངས་ཁྲོད་ལུས་རྩལ་རྩེ་ཁུལ་བཟོས་ནས་ལུས་རྩལ་རིག་གནས་དང་། རྩྭ་ཐང་རིག་གནས། དམངས་སྲོལ་རིག་གནས་བཅས་གསུམ་ཟུང་འབྲེལ་བྱས་པ་ཡིན་ཞེས་བཤད།iRlཀྲུང་གོ་བོད་ཀྱི་དྲ་བ།

བློ་བཟང་རྒྱ་མཚོས་དབྱར་ཁ་འཆར་རིམ་བཞིན་ངས་རྐང་འཁོར་བཞོན་མཁན་དང་ཡུལ་སྐོར་བར་རྟ་བཞོན་པ་དང་། མདའ་འཕེན་པ། དབྱུག་བཟུང་། སྐོར་གཞས་སོགས་ས་མཐོའི་རིག་གནས་དང་ལུས་རྩལ་རྣམ་གྲངས་ལ་རོལ་དུ་འཇུག་པ་མ་ཟད། མེ་སྤུང་མཚན་ཚོགས་དང་། མཚོ་སྔོན་པོའི་འགྲམ་དུ་སེམས་ཅན་ཚེ་ཐར་གཏོང་བ་སོགས་ཀྱི་རྣམ་གྲངས་ཀྱང་གཉེར་ནས་ཡུལ་སྐོར་བར“ལམ་དུ་རྐང་འཁོར་བཞོན་པ་དང་། ཡུལ་སྐོར་ལ་སྐྱོད་པ། བློ་སྦྱོང་ཐེབས་པའི”དར་སོ་ཆེ་བའི་ལུས་རྩལ་བྱེད་སྟངས་ཤིག་མྱོང་རོལ་བྱེད་འཇུག་གི་ཡོད། མདའ་བཞི་རྐང་འཁོར་འགྲུལ་བཞུད་རྟེན་གཞིས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི30ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་ཆིག་སྟོང་ཟིན་ཡོད་ཅེས་བཤད།iRlཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བྱང་ཁུལ་མདོ་ལ་རྫོང་ལ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་རྩི་ཤིང་སྣ་ཚོགས་ཡོད། ད་ཆའི་དུས་སུ་རྫོང་གིས“ལྷ་ཡུལ་ལྟར་གྱི་མདོ་ལའི”ཡུལ་སྐོར་སྤུས་རྟགས་ཧུར་ཐག་བཏོད་ཅིང་། མདོ་ལ་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་མིང་ཅུན་གྱིས་ཉེ་བའི་ལོ་ཤས་རིང་། རྫོང་གིས་ཡུལ་སྐོར་གྱི་ཐོན་ཁུངས་ལ་སྒུལ་ནུས་གསར་པ་རྒྱུན་མི་ཆད་པར་འཕེལ་ཐབས་བྱས་པའི་ཁར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཏན་ཏིག་ངང་བཏོད་པ་དང་བྱ་ཐབས་མང་པོ་མཉམ་དུ་སྤྱད་ནས་མི་སྔར་བས་མང་བ་ལུས་རྩལ་ཡུལ་སྐོར་ནང་མཉམ་འགུལ་ཐུབ་རྒྱུར་བློ་བཀུག་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རྫོང་ལ་མི་འབོར་ཁྲི5.3ལས་མེད་ཀྱང2016ལོར་རྫོང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི147ཟིན་ཡོད་ཅེས་བཤད།iRlཀྲུང་གོ་བོད་ཀྱི་དྲ་བ།

“ལུས་རྩལ་ཡུལ་སྐོར་དེ་ཁྱད་ཆོས་ལྡན་པ་དང་རྣམ་གྲངས་ཁྲོམ་རའི་དགོས་མཁོ་དང་འཚམ་པ་ཞིག་ཡོང་མིན་ནི། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ལམ་ལྷོངས་བྱུང་མིན་གྱི་འགག་རྩར་ཐུག་པའི་རྒྱུ་རྐྱེན་ཞིག་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་ཁྲོམ་ར་དང་འཛད་སྤྱོད་པའི་དགོས་མཁོ་དུས་ཐོག་ངང་ལེགས་སྒྲིག་བྱས་ནས“ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བའི”རྒྱུ་མང་ཅན་དང་བང་རིམ་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཚེ། ཛ་དྲག་གི་ཁྲོམ་རའི་འགྲན་རྩོད་ཁྲོད་ལེགས་ཆ་ལྡན་པ་ཞིག་ཡོང་ཐུབ་ངེས་རེད་ཅེས་བཤད།iRlཀྲུང་གོ་བོད་ཀྱི་དྲ་བ།

འབྱུང་འགྱུར་ལ་ལུས་རྩལ་ཡུལ་སྐོར་གྱི་རྣམ་གྲངས་ཐད་རང་སྒེར་གྱི་ཁྱད་ཆོས་མངོན་པ་དང་མྱོང་རོལ་ཟབ་མོ་སྔར་བས་ཡོང་བ་བྱ་རྒྱུ་ཡིན་ཞིང་། བློ་བཟང་རྒྱ་མཚོས་རྐང་འཁོར་བཞོན་ནས་ཡུལ་སྐོར་དུ་འགྲོ་བར་ཆ་བཞག་ན། སྐུ་མགྲོན་གྱི་རང་སྒེར་གྱི་ཁྱད་ཆོས་དགོས་འདུན་ལ་གཞིགས་ནས་ཆེད་ལས་ཤུགས་ཆེན་ལྡན་པའི་སྣེ་ཤན་པས་རུ་སྣེ་འཁྲིད་རྒྱུ་བཀོད་སྒྲིག་བྱས་ཡོད། “སྐུ་མགྲོན་གྱིས་མཐོང་བའི་ཡུལ་ལྗོངས་ནི་མཛེས་ཤོས་དང་། ལུས་རྩལ་གྱི་ཤུགས་ཆེ་ཆུང་འཚམས་ཤོས། ཟས་རིགས་ནི་ས་གནས་ཀྱི་བྲོ་བ་ཆེ་ཤོས་ལྡན་པ་ཞིག་ཡོང་བ་བྱས་ཡོད”ཅེས་བཤད།iRlཀྲུང་གོ་བོད་ཀྱི་དྲ་བ།

“སྲིད་གཞུང་གིས་ཕུགས་སུ་འཕེལ་རྒྱས་གཏོང་རྒྱུར་བསམ་ནས་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་། སྲིད་གཞུང་གི་རོགས་སྐྱོར་དང་། ཚད་དང་མཐུན་པའི་སྐུལ་འདེད། ལས་སྟེགས་ཀྱི་འདེགས་སྐྱོར་སོགས་ལ་བརྟེན་ནས་ལུས་རྩལ་ཐོན་ལས་དང་། ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་མ་བཏང་སྟེ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་རྒྱུན་རྣམ་གསར་པར་འགྱུར་རྒྱུར་ཁྲིད་སྟོན་བྱེད་དགོས”ཞེས་ཀྲང་ཉིང་གིས་བཤད། །iRlཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།