ཝང་ཅན་ཅོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་གྲ་སྒྲིག་གནས་ཚུལ་ཞིབ་བཤེར་དང་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན།   མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་མགོ་རྩོམ་རག་བར་ད་རུང་ཉིན་གཉིས་ཡོད་པ་དང་།   མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝང་ཅན་ཅོན་ཆེད་དུ་མཚོ་སྔོན་ཞིང་ཆེན་འགྲེམ་སྟོན་ལྟེ་གནས་སུ་སོང་ནས་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་སྟོན་བྱས།     ཁོས་ནན་གྱིས་བསྟན་དོན།   ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་ཤུགས་ཆེན་པོས་བསྒྱུར་བཞིར་སྐུལ་འདེད་གཏོང་བ།    སྔར་ལས་གཟབ་ནན་གྱིས་འགྲེམ་སྟོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བཟང་བོ་བསྒྲུབ་རྒྱུ་དེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་ཞིབ་དཔྱད་གལ་ཆེན་དང་ལག་ལེན་དངོས་སུ་བརྩི་དགོས་ཟེར།N9jཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་བཤེར་ཁྲོད།      ཝང་ཅན་ཅོན་རིམ་བཞིན་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་སྟོན་ཁང་གསུམ་དུ་སོང་ནས་མཚོ་སྔོན་ཕྱོགས་བསྡུས་འགྲེམ་སྟོན་ཁང་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲེམ་སྟོན་ཁུལ།   ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲེལ་སྟོན་ཁུལ།   ཐོན་ལས་ཁུལ་སོ་སོའི་འགྲེམ་སྟོན་ཁུལ་སོགས་ལ་རེ་རེ་བྱས་ནས་ཞིབ་བཤེར་བྱས་པ་དང་།   གཟབ་ནན་གྱིས་འགྲེམ་སྟོན་གནས་ཚུལ་དང་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བར་རྒྱུས་ལོན་བྱས།    ཝང་ཅན་ཅོན་གྱིས་ད་ལོའི་འགྲེམ་སྟོན་གྱི་བརྗོད་གཞི་འབུར་ཐོན་ཡིན་པ་དང་འགྲེམ་སྟོན་ཁུལ་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པ།    འགྲེམ་སྟོན་བྱེད་སྟངས་སྣ་མང་ཡིན་པ་སོགས་ཀྱི་གནས་ཚུལ་མཐོང་བས་ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས།    ཁོས་བསྟན་དོན།     ད་ལོའི་འགྲེམ་སྟོན་ཚོགས་འདུའི་འགྲེམ་སྟོན་བྱེད་སྟངས་དེ་དེང་རབས་ཀྱི་ཁྱད་ཆོས་དང་མཐུན་པས་མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བར་སྐུལ་འདེད་གཏོང་བ་དང་ཐོན་ལས་གསར་བ་འཛུགས་སྐྲུན་བྱེད་བཞིན་པ་གང་ལེགས་ཀྱིས་མཚོན་པར་བྱས་ཡོད་ཟེར།N9jཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན།   ཚོང་གཏམ་གྲོས་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ།     སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བར་དང་དར་གོས་ཚོང་ལམ་འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བར་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་བྱེད་པར་ཤུགས་སྣོན་པའི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་ཡིན།    ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་གཅིག་བསྡུས་བྱས་ཏེ་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་གཞིར་དམིགས་ནས་ནང་འདྲེན་དང་ཕྱིར་གཏོང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཚོང་འགུག་དངུལ་འདྲེན་དང་ལས་གཞིའི་མིང་འགོད་བྱ་བ་དོན་འཁྱོལ་བྱེད་པ་དང་ཕན་ཁེ་ཐོབ་པར་བྱས་ནས་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་སྒུལ་ནུས་གསར་བ་བརྗེ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།   དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཁ་སྣོན་བྱས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།N9jཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅོན་གྱིས་འགྲེམ་སྟོན་ལ་ཞུགས་པའི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་ཚོང་གཏམ་གྲོས་ཚོགས་ཀྱི་རིགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་སྟེ་འགྲེམ་སྟོན་ཚོགས་འདུའི་རིགས་སོ་སོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པ་དང་སྔར་ལས་ལྷག་པའི་སྒོ་ནས་མི་འདང་ས་ཁ་གསབ་དང་འབྲེལ་ཡོད་གྲ་སྒྲིག་ཇུས་གཞི་འཐུས་ཚང་དུ་གཏོང་བ།    འགྲེམ་སྟོན་སྐབས་ཀྱི་སྤྱི་ཚོགས་བདེ་སྐྱོང་དང་འགྲིམ་འགྲུལ་འགན་སྲུང་།    བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ་འགྲེམ་སྟོན་ཚོགས་འདུ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་དགོས་ལ།    དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཁོར་ཡུག་བཟང་བོ་འཛུགས་སྐྲུན་བྱས་ཏེ་མཚོ་སྔོན་གྱི་ཕྱིའི་རྣམ་པ་དང་མཚན་སྙན་མཐོར་འདེགས་བཏང་ནས་འགྲེམ་སྟོན་བདེ་བླག་ངང་འཚོག་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།N9jཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་དང་ཝང་ལིས་མིན་གྱིས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།   ། N9jཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།