མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་མཚོ་སྔོན་གྱི་ས་ཁུལ་སོ་སོར་སོང་སྟེ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་རང་ཞིང་གི་ཐིན་དང་ཅུའུ། རྫོང་དང་ཞང་། གྲོང་བརྡལ་དང་སྡེ་བ། གཞིས་ཁུལ་དང་ཁེ་ལས། སློབ་གྲྭ་དང་སྨན་ཁང་སོགས་གཞི་རིམ་གྱི་ལས་ཁུངས་ལ་སོང་སྟེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།8jUཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་ནི་དེང་སྐབས་རང་ཞིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞོ་དང་མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཝང་ཡུས་ཡན། ཡུས་ཚོན་ལི། མ་ཅི་ཞོ་བཅས་ཟི་ལིང་དང་མཚོ་ཤར། ཐུན་རིན། གཅན་ཚ། ཧེ་ཡན། གུང་ཧོ། རྐང་ཚ་སོགས་ཀྱི་ལས་ཁུངས་ལ་སོང་སྟེ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་གཙོ་བོ། འབད་འཐབ་དམིགས་འབེན། ཐབས་ལམ་གཙོ་བོ་སོགས་ཀྱི་ཕྱོགས་ནས་སྒྲོག་འགྲེལ་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ལ་རེ་བ་བཏོན་པར་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བསྟན།8jUཀྲུང་གོ་བོད་ཀྱི་དྲ་བ།

སྒྲོག་འགྲེལ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ཡུལ་དངོས་ལ་རྟོག་ཞིབ་བྱས་པ་དང་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད། གཞི་རིམ་ལས་ཁུངས་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་དོན་དངོས་གནད་དོན་དང་དཀའ་ཁག་སེལ་རོགས་བྱས། །8jUཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།