མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་ཞིབ་འཇུག་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་རོགས་སྐྱོར་དབུལ་སྐྱོར། ཏང་གི་ལོ་རྒྱུས་དང་སྲིད་ཁྲིམས་སོགས་བྱ་བར་བཀོད་སྒྲིག་བྱས།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཐད་དམ་འཛིན་བྱེད་རྒྱུ་ནི་མི་དམངས་གཙོར་བྱས་པའི་འཕེལ་རྒྱས་བསམ་བློའི་མཚོན་བྱེད་གཙོ་བོ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་གླེང་བའི་མཐོ་ཚད་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ། འཕེལ་རྒྱས་སུ་གཏོང་བའི་སྐབས་སུ་བདེ་འཇགས་གཏན་ནས་བློས་མི་གཏོང་བའི་ཚད་མཐའ་དམ་སྲུང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཐད་ནས་གཏན་ནས་ལྷོད་གཡེང་མི་བྱེད་པ་དང་ཉེན་ཁ་ནི་དོན་རྐྱེན་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། བདེ་འཇགས་དང་འཕེལ་རྒྱས་བར་གྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་སྒྲིག་གཞི་ལ་བཅོས་བསྒྱུར་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། བདེ་འཇགས་ཐད་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པ། བདེ་འཇགས་རྨང་གཞིའི་འགན་སྲུང་ནུས་པ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་བྱ་བའི་རེ་བ་བཏོན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཆི་ལིན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པ་དང་། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གནད་དོན་གྱིས་ང་ཚོར་ཉེན་བརྡ་ཆེན་པོ་བཏང་པས། ང་ཚོས་ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་དེ་དམངས་གཙོ་འཚོ་བའི་གྲོས་ཚོགས་གལ་ཆེན་ཞིག་ཏུ་བརྩིས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ལངས་ཕྱོགས་ཇེ་མཐོར་གཏོང་བ། ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། ཆབ་སྲིད་སྟེང་གི་རང་རྟོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རང་རྟོགས་ལ་སྐུལ་འདེད་བཏང་སྟེ། ཏན་ཏན་ཏིག་ཏིག་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བཟང་བོ་བྱེད་དགོས། འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་ལམ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བསླབ་བྱ་དང་ལེན་བྱེད་པ། ཀྲུང་དབྱང་གིས་བཏོན་པའི་གནད་དོན་དང་ཞིབ་བསྡུར་བྱས་ནས་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། དཔེ་གཞིར་འཛིན་པ། ཞན་ཆ་ཁ་གསབ་བྱས་ནས། རྒྱུན་དུ་དམ་འཛིན་ཡུན་རིང་བོར་དམ་འཛིན་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུང་འབྲེལ་བྱེད་པ་དང་། འདུ་ཤེས་བཞི་ལག་བསྟར་བཟང་བོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བརྗོད་སྙིང་དུ་བྱས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཐེངས་ཤིག་བསྡུས་པ། གཟབ་ནན་གྱི་སྣང་ཚུལ་བསྐྲུན་ནས། མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་དང་དོ་སྣང་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ལེའོ་ཅུན་པའོ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་མིའི་མཚན་སྙན་གནང་བའི་སྐོར་གྱི་གཏན་ཁེལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚོགས་ཐོག་ནས་བསྟན་དོན། བློ་མཐུན་ལེའོ་ཅུན་པའོ་ནི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་ཁྲོད་བྱུང་བའི་སྔོན་ཐོན་དཔེ་ལེགས་ཅན་དང་། ཚེ་སྲོག་ལ་བརྟེན་ནས་བློ་དཀར་དང་དྭངས་གཙང་། ཁག་ཁུར་ཕོད་པའི་རེ་བ་ལག་བསྟར་བྱེད་པའི་ལས་བྱེད་པ་བཟང་བོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཙུའུ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ལེའོ་ཅུན་པའོ་ཡི་སྔོན་ཐོན་ལག་རྗེས་དེ་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་ཐད་ཀྱི་གསོན་ཉམས་ལྡན་པའི་བསླབ་གཞི་རུ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། རྣམ་པ་སྣ་མང་སྤྱད་དེ། སློབ་སྦྱོང་དང་དྲིལ་སྒྲོག་གི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས། ཏང་ཡོན་ལས་བྱེད་པས་ཕུགས་བསམ་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་བློ་དཀར་བྱེད་པར་སྣེ་ཁྲིད་དང་སློབ་གསོ་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཚད་ལྡན་བཞི་དང་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱེད་པའི་ཐད་ཀྱི་མིག་དཔེ་བྱེད་པར་བརྩོན་ལེན་བྱས་ཏེ། ལག་བསྟར་ལ་དམ་འཛིན་དང་འགུལ་སྐྱོད་བྱེད་པའི་སྣང་ཚུལ་སྟུག་པོ་བསྐྲུན་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་གནས་བབ་གསར་བའི་འོག་རོགས་སྐྱོར་མཉམ་ལས་དང་བརྗེ་རེས་བྱ་བ་བཟང་བོར་སྤེལ་བའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། གྲོས་གཞིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་བཏོན་པའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ལྟར། ཚད་ཡོད་དང་ཚད་མེད་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་རིམ་པ་གཅིག་ནས་རིམ་པ་མང་པོར་བསྒྱུར་བའི་བྱ་བའི་བསམ་ཕྱོགས་དང་། ཁྱབ་ཁོངས་རྒྱ་སྐྱེད་པ་དང་རྒྱུ་སྤུས་མཐོར་འདེགས་བྱེད་པ། རིམ་སྤོར་ཤུགས་འདོན་བྱེད་པའི་རེ་བར་དམ་དུ་དམིགས་པ་ནི། གནས་བབ་གསར་བའི་འོག་རོགས་སྐྱོར་མཉམ་ལས་དང་བརྗེ་རེས་ལ་མཛུབ་སྟོན་བྱེད་བྱེད་པའི་ཡིག་ཆ་གལ་ཆེན་ཡིན་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རོགས་སྐྱོར་མཉམ་ལས་དང་བརྗེ་རེས་བྱ་བ་དེ་མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྒེའུ་ཁུང་དང་བྱེད་ཐབས་གལ་ཆེན་དུ་བྱས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་དང་ལག་བསྟར་ལ་ཤུགས་སྣོན་པ། གླེང་ཕྱོགས་དང་དྲིལ་སྒྲོག་ལ་དམ་འཛིན་བྱེད་པ། རྒྱུན་མ་ཆད་པར་རོགས་སྐྱོར་མཉམ་ལས་དང་བརྗེ་རེས་ཀྱི་རིམ་པ་དང་ཆུ་ཚད་མཐོར་འདེགས་བྱས་ཏེ། ཧུར་ཐག་གིས་དགེ་མཚན་ཁ་གསབ་དང་མཉམ་ལས་གཏིང་ཟབ་བྱེད་པ། གཉིས་ཕན་མཉམ་རྒྱལ་དང་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་ཏང་གི་ལོ་རྒྱུས་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཏང་གི་ལོ་རྒྱུས་བརྩམས་ཆོས་རྩོམ་སྒྲིག་བྱེད་པ་དང་དཔྱད་གཞིའི་ཡིག་ཆ་བསྡུ་རུབ་བྱེད་པ། དྲིལ་སྒྲོག་སློབ་གསོ་སོགས་བྱ་བ་བཟང་བོར་སྤེལ་བ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཏང་གི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་བྱ་བའི་ཐད་ཀྱི་རིག་གཞུང་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཨུའི་ཏང་གི་ལོ་རྒྱུས་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། གནས་ཚུལ་དངོས་ལ་དམིགས་ནས། བྱ་བའི་རྐྱེན་སྲོལ་དང་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གི་ལོ་རྒྱུས་སྡེ་ཁག་དང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་ལོ་རྒྱུས་བྱ་བས་མི་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ། སྐུལ་སློང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་བསྡུ་བྱེད་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་ཀྲུང་དབྱང་གི2016ལོའི་ཡིག་ཆ་ཉེར་བདུན་པའི་དགོངས་དོན་ལག་བསྟར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཏང་གི་མགོ་ཁྲིད་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ལས་འགན་གཙོ་བོར་དམ་དུ་དམིགས་ནས། ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་གྱི་ཁ་ཕྱོགས་ལྟར། བསམ་བློ་ཆབ་སྲིད་དང་འགན་སྒྲུབ་ནུས་པ། སྒྲིག་ལམ་སྤྱོད་ཚུལ། ཤེས་ལྡན་མི་སྣའི་དཔུང་སྡེ། མགོ་ཁྲིད་ཚན་ཁག མགོ་ཁྲིད་ལས་བྱེད་པའི་དཔུང་སྡེ། གཞི་རིམ་སྟོབས་ཤུགས་དང་ལས་རིགས་འགན་སྲུང་མ་ལག་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ། བློ་རྩ་བརྟན་ཞིང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁག་ཁུར་ཕོད་པ། སྤྱོད་གཙང་སྲོལ་བཟང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། གནས་བབ་གསར་བའི་འོག་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།V0Qཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།  །V0Qཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།