ཡང་ཧྥིན་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་པའི་ཐད་ནས་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་བཞུགས་མོལ་བྱས་པ་དང་།  ཝང་ཞིས་ཆིན་དང་ཆིས་ཡོང་ཧྲིག  ཀྲང་ཅེན་ཅིན། ཀྲང་ཡེན་ཧྲིན། ཁྲིན་ཞེན་ལུང་། ཀྲའོ་ཙོང་ཧྥུའུ། ཚེ་རིང་རྒྱལ། ཟླ་བ། ཏུའུ་ཡུའུ་ཞོང་། ཐང་ཏའོ་ཁྲིན། ཞུའུ་ཀྲིན་ཀྲུང་། ཧོང་ཙིས་ཕིན་བཅས་ཚན་ཧྲི་བཅུ་གཉིས་ཀྱིས་གཏམ་བཤད།S4Tཀྲུང་གོ་བོད་ཀྱི་དྲ་བ།

ཡང་ཧྥིན་ཁྲོན་གྱིས་བཞུགས་མོལ་བྱེད་སྐབས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་ཆེན་སྟེང་ཕུལ་བའི་སྙན་ཞུ་ནི་གོང་གི་རེ་བ་དང་མཐུན་ལ་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་མ་ཟད། རྒྱུད་འཛིན་དང་གསར་སྐྲུན་ལ་དོ་སྣང་དང་གཙོ་གནད་བསྡུ་རུབ། ཐབས་ལམ་ཁ་གསལ། དམིགས་འབེན་ཕྱིར་འདོན་དང་འགན་ཁུར་གསལ་བོ་ཡིན་པས་ཆབ་སྲིད་རང་བཞིན་དང་བསམ་གཞིགས་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་ཤུགས་ཆེ་བའི་སྙན་ཞུ་ཞིག་རེད། ཚན་ཧྲི་ཚང་མས་རང་སྟེང་གི་ནུས་པ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས་ཧུར་ཐག་གིས་ཉེ་འཁོར་གྱི་མི་རྣམས་ལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་དྲིལ་སྒྲོག་དང་འགྲེལ་བཤད་བྱེད་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་འགན་ཁུར་དམིགས་ནས་རྟོག་ཞིབ་གཏིང་ཟབ་དང་སྲིད་ཞུགས་བློ་འདྲི། ཐབས་འདོན་ཇུས་འབུལ་བྱས་ཏེ། ངེས་པ་དོན་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། ། S4Tཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།