2017ལོའི་རྨ་ལྷོ་ཁུལ་གྱི་རེ་སྐོང་རིག་གནས་ཡུལ་སྐོར་དུས་ཚིགས་དང་ཐུན་རིན་རྫོང་སྐབས་ལྔ་བའི་རེ་སྐོང་རིག་གནས་ཡུལ་སྐོར་དུས་ཆེན་མགོ་ཚུགས་པ།

Nfjཀྲུང་གོ་བོད་ཀྱི་དྲ་བ།

Nfjཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།)  ཟླ6པའི་ཚེས17ཉིན། “རིག་གནས་ཡུལ་སྐོར་དུས་ཆེན་ལེགས་པོར་བསྒྲུབ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དགའ་སྤྲོས་བསུ”ཞེས་པ་བརྗོད་སྙིང་ཡིན་པའི2017ལོའི་རྨ་ལྷོ་ཁུལ་གྱི་རེ་སྐོང་རིག་གནས་ཡུལ་སྐོར་དུས་ཚིགས་དང་ཐུན་རིན་རྫོང་སྐབས་ལྔ་བའི་རེ་སྐོང་རིག་གནས་ཡུལ་སྐོར་དུས་ཆེན་མགོ་རྩོམ་པའི་མཛད་སྒོ་ཐུན་རིན་རྫོང་གི་རེ་སྐོང་རིག་གནས་ཐང་ཆེན་དུ་བསྡུས།Nfjཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཀྲུང་གུང་རྨ་ལྷོ་ཁུལ་ཨུ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་དང་རྨ་ལྷོ་ཁུལ་ཡུལ་སྐོར་ཅུའུ། ཀྲུང་གུང་ཐུན་རིན་རྫོང་ཨུ་དང་ཐུན་རིན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། དེས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་སྤེལ་དུ་གཏོང་བའི་ཐབས་ཇུས་དངོས་འབེབ་དོན་འཁྱོལ་ཡོང་བ་རྩ་དོན་དུ་བཟུང་སྟེ་རྨ་ལྷོ་ཁུལ་གྱི་ཁྱད་དུ་འཕགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་མཚན་སྙན་ཇེ་མཐོར་བཏང་བ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།Nfjཀྲུང་གོ་བོད་ཀྱི་དྲ་བ།

c94756d65f523c9dc0e01e04075e99cd.jpgNfjཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅུན་གྱིས་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་ཤིས་ཚིག་ཕུལ་བ་དང་། རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཐུན་རིན་རྫོང་ཨུའི་ཧྲུའུ་ཅི་ཅང་ཧྲུའུ་ཁྲིན་གྱིས་ཡུལ་སྐོར་གནས་ཚུལ་འོས་སྦྱོར་བྱས།  རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རུང་གིས་རིག་གནས་ཡུལ་སྐོར་དུས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།Nfjཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅུན་གྱི་ཤིས་ཚིག་ནང་བཤད་རྒྱུར། རྨ་ལྷོ་ཁུལ་གྱིས་རང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དམངས་སྲོལ་རིག་གནས་རྨང་གཞི་བྱས་ཏེ། མི་སྟོང་ལྷག་རྐང་ཐང་དུ་ཡུལ་སྐོར་བྱེད་པ་དང་། “འཛམ་གླིང་གི་ཐང་གའི་རྟེན་གཞི”རེ་སྐོང་དུ་ཡུལ་སྐོར་བྱེད་པ། ཐུན་རིན་རྫོང་གི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྣ24སྤེལ་བ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་དྲིལ་སྒྲོག་བྱེད་པ་དང་། རྨ་ལྷོ་ཁུལ་གྱི་ཁྱད་ཐོན་རིག་གནས་ཡུལ་སྐོར་དང་ལུས་རྩལ་བྱ་བའི་གྲུབ་འབྲས་མངོན་པར་མཚོན་ནས་ཁྱོན་ཡོངས་ནས་རྨ་ལྷོ་ཁུལ་གྱི་ལྗང་མདོག་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་བཅས་དམིགས་ཡུལ་དུ་བཟུང་སྟེ།  ཁྱོན་ཡོངས་དང་ཟུར་མི་འདྲ་བ་ནས་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་དོན་དྲིལ་སྒྲོག་དང་འོས་སྦྱོར་བྱ་རྒྱུ་ཡིན་ཟེར།Nfjཀྲུང་གོ་བོད་ཀྱི་དྲ་བ།

97fb8158f8b4fe2963cb43ab26b40b21.jpgNfjཀྲུང་གོ་བོད་ཀྱི་དྲ་བ།

མགོ་རྩོམ་མཛད་སྒོའི་ཉིན། མི་སྟོང་ལྷག་རྐང་ཐང་དུ་ཡུལ་སྐོར་བྱེད་པ་དང་། “འཛམ་གླིང་གི་ཐང་གའི་རྟེན་གཞི”རུ་སྦག་སྦག་འཁོར་ལོ་སྐོར་ནས་ཡུལ་སྐོར་བྱེད་པ། རེ་སྐོང་གི་དངོས་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱས་པའི་གྲུབ་འབྲས་དཔེ་སྟོན་བྱེད་པ་དང་ཡུལ་སྐོར་ཐོན་རྫས་འགྲེམ་སྟོན་བྱེད་པ། རེ་སྐོང་སྒྱུ་རྩལ་ལ་ཉམས་ཞིབ་ཡུལ་སྐོར་བྱེད་པ། ཐུན་རིན་རྫོང་གི་སྲོལ་རྒྱུན་ལུས་རྩལ་ལས་བཙིར་འགྱིག་འགྲན་བསྡུར་བྱེད་པ་སོགས་ཀྱི་བྱ་འགུལ་མང་པོ་སྤེལ།Nfjཀྲུང་གོ་བོད་ཀྱི་དྲ་བ།

ཉེ་བའི་ལོ་འདི་གར་རྨ་ལྷོ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་གཉིས་ཐུན་མོང་ངང་གོང་སྤེལ་དུ་གཏོང་བའི་གོ་སྐབས་དང་བསྟུན་ནས་རྨ་ལྷོ་ཁུལ་གྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་ཐོན་ཁུངས། མི་ཆོས་རིག་གནས་བཅས་ཀྱིས་རེ་སྐོང་གི་རིག་གནས་དང་ཡུལ་སྐོར་ལས་རིགས་སྔར་ལས་ཐེམ་སྐས་གསར་བ་ཞིག་གི་སྟེང་དུ་སླེབས་པར་ནུས་པ་གང་ལེགས་འདོན་བཞིན་ཡོད་ལ། རེ་སྐོང་གི་ཐུན་མིན་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་བྱེད་པའི་ཡུལ་སྐོར་བ་ལོ་རེ་ལས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལྷག་པར་དུ་རེ་སྐོང་གི་ཐང་གའི་སྒྱུ་རྩལ་དང་དྲུག་པའི་གླུ་རོལ། རྣམ་ཐར་ཟློས་གར་འཁྲབ་སྟོན། རོང་བོ་མཁར་རྙིང་དང་མགར་རྩེ་རྩྭ་ཐང་སོགས་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་དང་ཟོལ་མེད་བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས། ཡིད་ཀྱི་དྭངས་པ་འདྲེན་པའི་གནའ་ཤུལ་གནའ་མཁར་སོགས་ཀྱིས་རེ་སྐོང་གི་རིག་གནས་ཡུལ་སྐོར་ལས་རིགས་གོང་སྤེལ་དུ་གཏོང་བར་ཆ་རྐྱེན་གང་ལེགས་བཏོན་པ་རེད།Nfjཀྲུང་གོ་བོད་ཀྱི་དྲ་བ།

Nfjཀྲུང་གོ་བོད་ཀྱི་དྲ་བ།

Nfjཀྲུང་གོ་བོད་ཀྱི་དྲ་བ།

Nfjཀྲུང་གོ་བོད་ཀྱི་དྲ་བ།

Nfjཀྲུང་གོ་བོད་ཀྱི་དྲ་བ།


Nfjཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།