སྐབས་བཅུ་དྲུག་པའི་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་གཟབ་རྒྱས་ངང་འགོ་བརྩམས་པ།

微信图片_20170715145055.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་། སྐབས་བཅུ་དྲུག་པའི“མཚོ་སྔོན་ཡིད་རྟོན་བུམ་པའི”མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་ནས་གཟབ་རྒྱས་ངང་འགོ་བརྩམས། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཡོང་བའི་འགྲན་ཞུགས་རུ་ཁག22ཀྱི་ལུས་རྩལ་པ200ལྷག་ལི་ཏུའུ་རུ་འཛོམས་ནས་མཉམ་དུ་མཐོ་སྒང་གི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་ནི་ཟླ7པའི་ཚེས16ཉིན་ནས་ཟླ7པའི་ཚེས29ཉིན་བར་མཚོ་སྔོན་དང་ཀན་སུའུ། ཉིང་ཞ་བཅས་ཞིང་ལྗོངས་གསུམ་དུ་སྤེལ་རྒྱུ་ཡིན་པ་དང་། ཟླ7པའི་ཚེས29ཉིན་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུང་ཝེ་གྲོང་ཁྱེར་དུ་མཇུག་སྒྲིལ་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་གྱི་འགྲན་ཡུན་ནི་ཉིན14ཡིན་པ་དང་། འགྲན་མཚམས13དང་ངལ་གསོ་ཉིན1བཀོད་སྒྲིག་བྱས་ཡོད་ལ། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ3353དང་དེའི་ནང་འགྲན་བསྡུར་ལམ་ཐག་ལ་སྤྱི་ལེ2048ཡོད། འགྲན་བསྡུར་གྱི་འགོ་རྩོམ་ས་ནི་ལི་ཏུའུ་ས་ཁུལ་དང་མཇུག་བསྡུ་ས་ནི་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུང་ཝེ་གྲོང་ཁྱེར་ཡིན། འགྲན་བསྡུར་བྱེད་ཡུལ་གཙོ་བོ་ནི་མཚོ་སྔོན་གྱི་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ལིན་ཞ་ཁུལ་དང་ཏིན་ཞི་གྲོང་ཁྱེར། ཐེན་ཧྲོས་གྲོང་ཁྱེར། ཕིན་ལེང་གྲོང་ཁྱེར། ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་དང་ཀྲུང་ཝེ་གྲོང་ཁྱེར་བཅས་ཡིན།   །

微信图片_20170715155510.jpg

微信图片_20170715145130.jpg

微信图片_20170715145112.jpg

微信图片_20170715145118.jpg

微信图片_20170715145135.jpg

微信图片_20170715145124.jpg

微信图片_20170715160940.jpg


微信图片_20170715145103.jpg

微信图片_20170715145142.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།