རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གསའ་ཞིབ་འཇུག་ལྟེ་གནས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བར་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གསའ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།

ཐེན་ཅིན་ཁྲིན་གྱིས་བསྟན་དོན། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་དང་ཚན་རྩལ་གོང་འཕེལ་ལ་བརྟེན་པ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱབ་རྟེན་གལ་ཆེན་ཡིན། ཕྱོགས་གཉིས་ཀྱིས་འདྲ་མཉམ་རང་མོས་དང་ཐོན་ཁུངས་མཉམ་སྤྱོད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་བཅས་ལ་དམིགས་ཏེ། ཁྱད་སྟོབས་གསབ་རེས་ལ་འབད་པ་དང་མཉམ་ལས་རྐྱེན་སྲོལ་བཙུགས་ཏེ་འཐུས་ཚང་དུ་བཏང་ལ། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་བློ་གྲོས་འདོན་སྤེལ་གང་ལེགས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྟོབས་དང་ལྡན་པའི་ཚན་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱས་པ་དང་། གསའ་ལ་ཞིབ་འཇུག་བྱེད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཡུན་རིང་གོང་འཕེལ་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་གསའ་ཁྱབ་ས་གཙོ་བོ་ཡིན་ལ། གསའ་ཡི་འཚོ་གནས་གོང་འཕེལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་བདེ་ཐང་གནས་བབ་མཚོན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གསའ་ལ་ཞིབ་འཇུག་ཟབ་མོ་བྱེད་པ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ནང་དོན་གལ་ཆེན་ཞིག་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཕན་པ་ཡོད། ཐོན་ཁུངས་གཅིག་བསྡུས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཞབས་འདེགས་ཞུ་ཆེད། ཆེད་དུ་ཞིབ་འཇུག་ལྟེ་གནས་ཤིག་བཙུགས་ཏེ། གསའ་ཡིས་མཚོན་པའི་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་རྩ་ཆེན་དག་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་ནི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་ཞིག་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་གྲོས་མཐུན་གྱི་ནང་དོན་དངོས་འབེབས་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་འདོན་ས་དང་འགོ་རྩོམ་ས་ཡང་དག་པར་རྙེད་པར་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་སྤོ་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་པ་དང་། འཇོན་མིའི་སྐྱེད་སྲིང་ལ་ཤུགས་བསྣན་ནས། མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་དགོས་ཟེར།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།