མཚོ་སྔོན་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་རིམ་དང་པོར་ཆོ་ཨིན.པེ་ལཱ་སི་ཐུའུ་ལེ་ལ་བྱ་དགའ་ཨང་དང་པོ་ཐོབ།

56.jpg

55.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། 2017ལོའི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་དང་། འགྲན་རིམ་དང་པོ་ལི་ཏུའུ་ནས་ཟི་ལིང་བར་གྱི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་སྤེལ་མགོ་བརྩམས་ལ། བསྡོམས་པས་འགྲན་ཞུགས་རུ་ཁག་ཉེར་གཉིས་དང་འགྲན་ཞུགས་ལུས་རྩལ་པ་བརྒྱ་དང་ཞེ་དྲུག་ཉིན་དེའི་འགྲན་བསྡུར་ལ་ཞུགས་པ་དང་། མཇུག་མཐར་འཇར་པན་འགྲན་ཞུགས་རུ་ཁག་གི་ཆོ་ཨིན.པེ་ལཱ་སི་ཐུའུ་ལེ་ཡིས་དུས་ཚོད་གསུམ་དང་སྐར་མ་སོ་གཅིག་གི་གྲུབ་འབྲས་བླངས་ནས་འགྲན་རིམ་དང་པོའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་ནས། སྟོད་ལྭ་སེར་བོ་གྱོན་ཐུབ་པ་བྱུང་།

འགྲན་རིན་དང་པོའི་འགྲན་ལམ་སྤྱིའི་རིང་ཚད་ལ་སྟོང་རྨིད་བརྒྱ་དང་ང་གསུམ་ཡོད་པ་དང་། སོ་སོར་སྟོང་རྨིད་ཞེ་དགུ་དང་གྲངས་ཆུང་དྲུག་དང་བརྒྱ་དང་གསུམ་གྱི་མཚམས་སུ་ལམ་བར་མཆོངས་རྒྱུག་བྱེད་ས་གཉིས་བཙུགས་ཡོད་པ་དང་། སྟོང་རྨིད་གྱ་གཉིས་དང་གྲངས་ཆུང་དགུའི་མཚམས་སུ་རིམ་པ་གསུམ་ཅན་གྱི་ལར་འཛེག་བྱེད་ས་གཅིག་བཙུགས་ཡོད། འགྲན་ཞུགས་པ་ཚོ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ནས་རྒྱུག་མགོ་བརྩམས་པ་དང་། དེ་ནས་ཕེན་ཨན་ནས་ཧུའུ་ཀྲུའུ་བར་གྱི་གཞུང་ལམ་དང་། ཧུའུ་ཀྲུའུ་རྫོང་ཀྲིན་ཞིན་སྲུང་ལམ། ཏ་ཐུང་ཁྲང་ཉིན་བརྒྱུད་དེ་མཇུག་མཐར་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ཁུལ་གསར་དུ་འབྱོར།

འགྲན་རིམ་དང་པོའི་འགྲན་བསྡུར་ནི་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་འགྲན་བསྡུར་དང་པོ་ཡིན་ན་ཡང་། སྐབས་སྔོན་མ་དག་དང་མི་འདྲ་བར། འགྲན་རིམ་དང་པོར་འགྲན་ལམ་གྱི་བར་ཐག་དང་འགྲན་ལམ་བཀོད་སྒྲིག་ཐད་ནས་ཇེ་དཀའ་རུ་བཏང་ཡོད།

འགྲན་རྩོད་དྲག་པོ་བརྒྱུད་དེ།  མཇུག་མཐར་འཇར་པན་འགྲན་ཞུགས་རུ་ཁག་གི་ཆོ་ཨིན.པེ་ལཱ་སི་ཐུའུ་ལེ་ལ་བྱ་དགའ་ཨང་དང་པོ་ཐོབ་ནས་སྟོད་ལྭ་སེར་བོ་དང་མཆོངས་རྒྱུག་བྱས་པ་ཆེས་བཟང་བའི་སྟོད་ལྭ་ལྗང་ཁུ་བྱིན་པ་དང་། སི་ལོ་ཝུན་ཉི་ཡཱ་ཨེ་ཏི་ལེ་ཡ་མོ་པེ་ཨར་རུ་ཁག་གི་ལཱ་ཡེའོ་ཝེ་ཆི.ཏུའུ་སང་དང་ཀན་སུའུ་དངུལ་ཁང་རུ་ཁག་གི་ཆོ་ཀྲི་སི.པོ་ཀི་ལཱ་སི་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ། མཱ་ལེ་ཞི་ཡའི་ཏིན་ཅཱ་ནུའུ་རུ་ཁག་གི་མཱ་ལ་ཨར.ཨེར་ཏི་ནི་ལ་ཡཱ་གླིང་གི་ཆེས་བཟང་བའི་སྟོད་ལྭ་སྔོན་པོ་བྱིན་པ་དང་། ཐུར་ཁེ་ཐོ་ཁུའུ་རུ་ཁག་གི་ནཱ་ཆི་མུའུ.པ་ཁི་ཆི་ལ་སྟོད་ལྭ་ཁྲ་ཁྲ་བྱིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།