མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གཉིས་པ་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཀའོ་ཧྭས་བསྟན་དོན། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མི་མང་པོའི་བདེ་སྐྱིད་ཀྱི་འཚོ་བར་འབྲེལ་བ་ཡོད་པ་དང་སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གཟབ་ནན་གྱིས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གཏིང་ཟབ་བྱས་པ་དང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཟེར།

ཀའོ་ཧྭས་ཞིང་ཆེན་སྲིད་གྲོས་ཀྱི་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་གྲོས་མོལ་གྱི་གཙོ་གཞིར་གོ་བ་ཡང་དག་ལོན་པར་བྱས་ནས་དག་ཐེར་བཅོས་སྐྱོང་བྱ་བའི་དོན་ཚན་རེ་རེ་དོན་འཁྱོལ་བྱེད་པ་དམ་འཛིན་བྱེད་དགོས། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་དགོས་པ་དང་གཟབ་ནན་གྱིས་ལས་འགན་ལག་བསྟར་བྱེད་པ། ཧུར་ཐག་གིས་བྱེད་ནུས་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མ་ལག་དང་བྱ་བའི་མཉམ་ཤུགས་གྲུབ་པར་འབད་བརྩོན་བྱེད་དགོས། གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བྱ་བའི་ནང་རྐྱེན་འཐུས་ཚང་མིན་པ་དང་འགྲོ་གྲོན་སྔོན་རྩིས་ནང་བཞག་མེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་ཤུགས་བཏོན་ནས་དོན་དངོས་དང་མཐུན་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་གི་རིགས་སོ་སོའི་ཆོད་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས། དྲིལ་སྒྲོག་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ཉམས་མྱོང་བྱེད་ཐབས་དང་ཕུལ་བྱུང་བྱས་རྗེས་རྒྱ་ཆེར་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་ཐུན་མོང་སེམས་ཁུར་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།