མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་གི་འགྲུབ་སྟོན་མཛད་སྒོ་བསྡུས་པ།

微信图片_20170810101359.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན། མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་གི་འགྲུབ་སྟོན་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་བསྡུས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཏུང་ཅིན་མིན། ཞིང་ཆེན་ནགས་ལས་ཐིན་གྱི་ཐིན་ཀྲང་གཞོན་པ་བང་འུན་ཀོང་། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་སྐོར་ཞིབ་པ་གཞོན་པ་ཏང་ཁྲང་ཡན་སོགས་གདན་ཞུས་ལྟར་འགྲུབ་སྟོན་མཛད་སྒོར་ཞུགས་ཡོད།

微信图片_20170810101411.png

ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་ཏུང་ཧྥུའུ་ཁོས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཱ་ལིས་ཝུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀའོ་པོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལུའུ་པོ་ཁྲོན་སོགས་རྟེན་མཛོད་ཁང་གི་འགྲུབ་སྟོན་མཛད་སྒོར་ཞུགས།

རྫོང་སོ་སོའི་མགོ་ཁྲིད་གཙོ་བོ་དང་ཁུལ་ཐད་གཏོགས་སྡེ་ཁག ཞིང་ཆེན་དུ་བཅའ་སྡོད་བྱས་པའི་ཁུལ་ལས་ཁུངས་གྱི་འགན་ཁུར་བ་གཙོ་བོ་བཅས་མཛད་སྒོར་ཞུགས་ཡོད། ཚོགས་ཐོག་ཏུ་ཀའོ་པོ་ཡིས་ཤེས་ཚིག་ཕུལ་བ་དང་ལུའུ་པོ་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

མི་རྣམས་ཀྱིས་མཚོ་སྔོན་པོའི་རང་བྱུང་གི་མཛེས་སྡུག་ཤེས་རྟོགས་ཟབ་མོ་བྱས་ཏེ། སྐྱེ་ཁམས་སྣོད་བཅུད་ཀྱི་ཉམས་འགྱུར་དང་སྣོད་བཅུད་རིག་གནས་སྣང་ཚུལ་དར་སྤེལ། སྣོད་བཅུད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར1གི་མ་དངུལ་བཏང་བ་དང་།སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ12800ཡོད། མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་ལ་བསྟེན་ནས་མཚོ་སྔོན་པོའི་རིག་གནས་ཀྱི་གཙོ་རྐང་དེ“རྒྱུད་མཐུད་དང་འཚར་ལོངས།ད་ལྟ།འབྱུང་འགྱུར”བཅས་ཀྱི་གཏན་ཚིགས་ཆོས་ཉིད་བཀོལ་ནས“ངོ་མཚར་ཆེ་བའི་མཚོ་སྔོན་པོ་དང་།སྐྱེ་ཁམས་སྣོད་བཅུད་ཀྱི་མཚོ་སྔོན་པོ།སྣ་མང་ཕུན་སུམ་ཚོགས་པའི་མཚོ་སྔོན་པོ།སྤྱི་ཚོགས་རིག་གནས་ཀྱི་མཚོ་སྔོན་པོ།འཆམ་མཐུན་གྱི་མཚོ་སྔོན་པོ”བཅས་འགྲེམ་སྟོན་ཁང་ལྔ་ཡོད།

མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་གི་སྒོ་ཕྱེ་བ་དེ་ནི་རང་ཁུལ་གྱི་སྐྱེ་ཁམས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་གལ་ཆེའི་གྲུབ་འབྲས་དང་དེས་རང་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་དང་།རང་ཁུལ་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱས་ཏེ། རིག་གནས་དང་ཐོན་ཁུངས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།   །

微信图片_20170810101504.jpg

微信图片_20170810101416.jpg

微信图片_20170810101421.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།