མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གྱི་བརྡ་ཁྱབ་དཔར་ནས་བཀྲམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དགུ་ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་མངགས་བཅོལ་ལས་དོན་ཡོངས་འགྲུབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བརྡ་ཁྱབ་དཔར་ནས་བཀྲམ། 

བརྡ་ཁྱབ་ལས་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ཀྱིས་བརྡ་ཁྱབ་བླང་བྱ་འཕྲལ་དུ་བསྒྲུབ་པ་དང་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པ། མཇུག་འབྲས་སྤྱི་བསྒྲགས་བྱེད་པ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཁག་བགོས་ནས་ལྟ་སྐུལ་ལས་དོན་བསྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།