མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ་ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་སློབ་སྦྱོང་ཚོགས་འདུར་ཞུགས་པ་དང་རིན་ཞན་ལིང་གིས་སྙན་ཞུ་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས12ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཞན་ལིང་གིས་ཕུལ་བའི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བར་གཙིགས་འཛིན་བྱེད་པའི་སྐོར་གྱི་བསམ་འཆར་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་བོར་བཟུང་སྟེ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་གཙོ་ཁྲིད་དབང་ཆ་དང་རང་བདག་དབང་ཆ་དམ་པོར་འཛིན་དགོས་ཞེས་པའི་ཟུར་ཁྲིད་སྙན་ཞུ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས།

རིན་ཞན་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བསམ་བློའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ནང་དོན་ཟབ་མོ། དོན་སྙིང་གལ་ཆེན་བཅས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པའི་ཕྱོགས་ནས་བསམ་འཆར་གྱི་དོན་སྙིང་གལ་ཆེན་དང་སྤྱིའི་རེ་བ། ལས་འགན་གཙོ་བོ་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བསམ་བློ་ཡིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བར་མཛུབ་ཁྲིད་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་མ་ཟད། བསམ་འཆར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་བོར་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་དྲ་རྒྱའི་སྟེང་གི་གླེང་ཕྱོགས་ཁོར་ཡུག་སྐྲུན་པ་དང་སྟོབས་དང་ལྡན་པའི་དྲ་རྒྱའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་སོགས་ཐད་ནས་གོ་རིམ་ལྡན་པའི་ངང་རྒྱས་བཤད་དང་འགྲེལ་བཤད་བྱས་ཤིང་། རང་ཞིང་གི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་དང་སྦྲེལ་ཏེ་མཚོ་སྔོན་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན།

གྲོས་ཚོགས་སུ་ཞུགས་པའི་བློ་མཐུན་རྣམས་ཀྱིས་བལྟས་ན། བསམ་འཆར་ནི་ཏང་གི་ལོ་རྒྱུས་སྟེང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་རྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཐོག་མ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་བསམ་བློ་དང་ཀྲུང་དབྱང་གི་རེ་བ་གསར་བ་དང་བཀོད་སྒྲིག་གསར་བར་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ཏེ། དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་གི་བྱ་བ་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས། གནས་བབ་གསར་བའི་འོག་གི་མཚོ་སྔོན་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས་པར་སྙམ་ཡོད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་ཆེན་མོ། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་གཙོ་བོའི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་དྲིལ་སྒྲོག་པུའུ་ཡི་དྲ་རྒྱའི་ཆ་འཕྲིན་བྱ་བར་འགན་ཁུར་བའི་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།