མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་བྱེད་པའི་ཆེད་དོན་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་སྲིད་ལས་འགན་སོ་སོ་བདེ་འཇགས་ངང་ཤར་གཏོང་བྱེད་ཐུབ་པར་ཁག་ཐེག་དང་འཆམ་མཐུན་བརྟན་འཇགས་དང་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ཆེད། ཟླ9བའི་ཚེས་11ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་བྱེད་པའི་ཆེད་དོན་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས།

གྲོས་ཚོགས་ལས་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སོ་སོ་ཆད་ལྷག་མེད་པར་ཇི་བཞིན་དུ་བསྒྲུབ་ནས་རྒྱ་ཆེའི་དམངས་སྲིད་བྱ་བ་བསྒྲུབ་ཡུལ་དག་ལ་ཏང་གི་སྐད་ཆར་ཉན་པའི་ཡིད་ཆེས་དང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བརྟན་པོ་འཛུགས་དགོས། སྔོན་དཔག་སྔོན་འགོག་ལ་ཤུགས་སྣོན་བྱས་ཏེ་དམངས་སྲིད་ལས་འགན་བྱ་བའི་ཁྱབ་ཁོངས་དང་དམངས་སྲིད་ཞབས་ཞུ་འགན་སྲུང་བྱ་ཡུལ་ཁྲོད་འཆམ་མཐུན་མིན་པ་དང་བརྟན་འཇགས་མིན་པ། བདེ་འཇགས་མིན་པའི་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་དགོས། ཡིག་སྐུར་ངོ་གཏུག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འོས་འཚམ་སྒོས་འགལ་ཟླ་འདུམ་སྒྲིག་བྱེད་པ། ངེས་པ་དོན་གྱིས་ངོ་བཅར་ཡོང་བའི་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་པ་དང་། འགན་མི་ཁུར་བ་དང་ལས་མི་བྱེད་པའི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས། བདེ་འཇགས་སྔོན་འགོག་དོན་རྐྱེན་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་འབྲུབ་པའི་དུས་སུ་ལས་རེས་བྱེད་པ། རང་བྱུང་གནོད་འཚེ་ལ་ཞིབ་བཤེར་བྱེད་པ། ལས་རེས་མི་སྣ་ལས་གནས་སུ་བསྡད་དེ་བབ་ཚོད་ཀྱིས་འགན་ཁུར་མཐའ་དག་འགྲུབ་པར་བྱས་ནས་གནོད་འཚེའི་གནས་ཚུལ་སྐྱེལ་བའི་མ་ལག་ཕན་ནུས་མཐོ་བའི་སྒོ་ནས་འཁོར་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། དམངས་སྲིད་འཛུགས་སྐྲུན་ལས་གཞིའི་བདེ་འཇགས་ཐོན་སྐྱེད་དང་དམངས་སྲིད་ཞབས་ཞུ་ལས་ཁུངས་ཀྱི་སྒྲིག་ཆས་འཁོར་བསྐྱོད་ལྟ་སྐུལ་ལ་ཤུགས་བསྣན་ནས་ནུས་ཡོད་སྒོས་སྤྱི་ཐུན་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། འདུ་ཤེས་གྲུབ་སྟངས་དང་དྲ་རྒྱའི་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་ནས་ངེས་པ་དོན་གྱིས་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དྲ་ཐོག་གི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་དྲ་རྒྱའི་བདེ་འཇགས་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ། ཆ་འཕྲིན་གསང་སྲུང་སློབ་གསོ་ལ་ཤུགས་སྣོན་བྱས་ནས་གཞི་རྩའི་དམངས་ཚིས་འགན་སྲུང་ཁྱབ་ཁོངས་སུ་གླེང་ཕྱོགས་འུད་སྒྲོག་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།