མཚོ་སྔོན་ཞིང་ཆེན་གྱིས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་རེ་བར་དམ་དུ་དམིགས་ནས《སྔར་ལས་ལྷག་པའི་སྒོ་ནས་མཁར་གྲོང་གི་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ》དང《མགྱོགས་མྱུར་སྒོས་ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དཔར་ནས་བཀྲམ་པ་དང་། མགོ་ཁུངས་བཅོས་སྐྱོང་གཙོ་བོར་བྱས་ནས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་དོ་དམ་ཚོད་འཛིན་སྲ་སྒྱུར་བྱས་ཏེ། གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐལ་རྡུལ་བཅོས་སྐྱོང་བྱས་པ་མི་ལེགས་པའི་ཁེ་ལས་ཉེར་ལྔ་ལ་བརྡ་ཁྱབ་བཏང་བ་མ་ཟད་ཡིད་རྟོན་སྐར་གྲངས་འཐེན་པ་རེད། 2013ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ལས་གཞི་སུམ་བརྒྱ་དང་གསུམ“ཞིང་ཆེན་རིམ་པའི་འཛུགས་སྐྲུན་ཨར་ལས་ཀྱི་བདེ་འཇགས་རྒྱུ་སྤུས་ཚད་ལྡན་ཅན་གྱི་དཔེ་སྟོན་ལས་ཡུལ”དུ་བདམས་པ་དང་། ལས་གཞི་སོ་བཞི“Aརིམ་པ་གསུམ་ཅན་གྱི་བདེ་འཇགས་དཔལ་ཡོན་ཚད་ལྡན་ཅན་གྱི་ལས་ཡུལ”དུ་བདམས། 《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཨར་ལས་ལག་བསྟར་ཕྱོགས་སྟོན་ལམ་སྲོལ》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ལས་ཡུལ་གྱི་ཐལ་རྡུལ་བཅོས་སྐྱོང་ཆེད་དོན་ལག་བསྟར་ཇུས་གཞི》ཕྱིར་བཏོན་ནས་ཧུར་ཐག་གིས་ལྗང་མདོག་ཨར་ལས་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་མཁར་གྲོང་གི་ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་ཞིང་། མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ཚོང་རའི་ཡིད་རྟོན་ཆ་འཕྲིན་དོ་དམ་བྱེད་ཐབས》དཔར་ནས་བཀྲམ་པར་མ་ཟད། ཨར་ལས་ཐལ་རྡུལ་བཅོས་སྐྱོང་དེ་ཁེ་ལས་ཀྱི་མི་ལེགས་པའི་ཡིད་རྟོན་ཟིན་ཐོ་དང་སྐར་གྲངས་འཐེན་པའི་བྱེད་ཐབས་སུ་བརྩིས་ནས་མུ་མཐུད་དུ་ཨར་ལས་ལས་ཡུལ་གྱི་ལྟ་སྐུལ་དོ་དམ་ལ་སྲ་སྒྱུར་བྱེད་རྒྱུ་མ་ཟད། འཛུགས་སྐྲུན་ལས་ཡུལ་གྱི་བརྒྱ་ཆའི་བརྒྱ་ཅན་གྱི་ལྔ་དེ་དཔྱིད་དུས་ལས་འགོ་རྩོམ་པའི་ཆེད་དོན་ཞིབ་བཤེར་ཁྲོད་འཇོག་པ་དང་། བཅའ་ཁྲིམས་ཞིབ་བཤེར་ཁྱབ་ཁོངས་དང་ཚད་ལྡན་ཅན་གྱི་ལས་ཡུལ་གསར་འཛུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ལྟར་ལས་ཡུལ་ཡོད་ཚད་ངེས་པར་དུ་བརྒྱ་ཆའི་བརྒྱ་ཅན་གྱི་ལྔའི་ཚད་གཞི་ལ་སླེབས་ཚེ་ད་གཟོད་ལས་འགོ་བརྩམ་ཆོག་པ་རེད།

དེ་དང་མཉམ་དུ། 《མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བསམ་འཆར》ཕྱིར་བཏོན་ནས། མཁར་གྲོང་གི་གཞུང་ལམ་སྟེང་གི་ཐལ་རྡུལ་སྦགས་བཙོག་ཚོད་འཛིན་དང་མཁར་གྲོང་གི་ཁོར་ཡུག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོ། དུས་སྐབས་གསར་བའི་རྒྱལ་གཅེས་འཕྲོད་བསྟེན། རླུང་ཁམས་ཆེན་པོའི་འགོག་བཅོས་སོགས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལས་དོན་གྱི་གཙོ་གནད་དང་ཟུང་འབྲེལ་བྱས་ནས་ཤུགས་ཆེན་པོས་མཁར་གྲོང་གི་ཁོར་ཡུག་གཙང་སྦྲའི་འགུལ་སྐྱོད་དང་འཚོ་བའི་གད་སྙིགས་སྦས་ས་གནོད་མེད་ཅན་གྱི་ཚད་ལོན་འཛུགས་སྐྲུན་སྤེལ་ཏེ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།