མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་མངའ་ཐང་ལྗང་སྒྱུར་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས11ཉིན་ནས་ཚེས12ཉིན་བར་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་མངའ་ཐང་ལྗང་སྒྱུར་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ནགས་བསྐྲུན་ལྗང་སྒྱུར་རྒྱ་ཁྱབ་དུ་སྤེལ་བའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་སྤྱི་སྡོམ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁོངས་མངའ་ཐང་ལྗང་སྒྱུར་མགྱོགས་མྱུར་ཅན་དུ་གཏོང་བའི་ལག་ལེན་དངོས་ལ་བརྟེན་ནས་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་དང་སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་རག་བར་དུ་སྤེལ་དགོས་པར་གདམས། གྲོས་ཚོགས་ཀྱི་སྔོན་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྒྲུབ་པའི་ཐད་ནས་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ཀྱི་འོས་འགན་ཇེ་དྲག་ཏུ་གཏོང་བ་དང་། སྔ་ན་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁོངས་མངའ་ཐང་ལྗང་སྒྱུར་དང་། སྐྱེ་ཁམས་ལྕགས་རི་བཀན་མོ་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་བྱ་བ་འབུར་ཐོན་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ལས་རིམ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འོས་འགན་མགྱོགས་མྱུར་ངང་ལེགས་འགྲུབ་བྱས་མཐར། རྒྱལ་ཁོངས་ལྗང་སྒྱུར་སྐོར་གྱི་ལམ་བུ་གསར་བ་འཚོལ་དཔྱོད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།