མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་དགུ་པར་ཞུགས་པའི་ཐད་ཀྱི་སྙན་ཞུ་འཁྲབ་སྟོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་བཅས་དང་མཉམ་འབྲེལ་བྱས་ནས། ཚོགས་ཆེན་བཅུ་དགུ་པ་བསུ་བའི་འཁྲབ་སྟོན་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་དགུ་པར་ཞུགས་པའི་ཐད་ཀྱི་སྙན་ཞུ་འཁྲབ་སྟོན་སྤེལ། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བྱ་འགུལ་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཞིའི་ནང་ཐེངས་གཅིག་ལ་བསྡུ་བའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་དེ་ད་བར་དུ་ཐེངས་བརྒྱད་ལ་བསྡུས་པ་དང་། ད་ལོ་ནི་སྐབས་དགུ་པ་ཡིན་ལ། ལོ་མང་པོའི་འཕེལ་རྒྱས་བརྒྱུད་དེ། སྒྱུ་རྩལ་འཁྲབ་སྟོན་དེ་ཁྱད་འཕགས་སྒྱུ་རྩལ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཆེན་པོ་དང་། དེང་སྐབས་ཀྱི་དབང་བོ་སྐྱོན་ཅན་ཚོའི་བསམ་པའི་རྣམ་པ་མཚོན་བྱེད་ཀྱི་གར་སྟེགས་གལ་ཆེན་དུ་གྱུར་ཡོད། ད་ལོའི་ཟླ་བརྒྱད་པའི་ནང་། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་མི་རེ་བརྒྱད་ཁྲུང་ཆིན་དུ་སོང་ནས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་དགུ་པའི་ནུབ་རྒྱུད་འགྲན་ཁུལ་གྱི་འགྲན་སྡུར་ལ་ཞུགས་པ་མ་ཟད། ཞིང་ཆེན་དང་གྲོང་ཆེར་བཅུ་དྲུག་གི་འཐུས་ཚབ་ཚོགས་པ་དང་འགྲན་བསྡར་བྱས་ནས། བྱ་དགའ་ཨང་དང་པོ་གཅིག་དང་བྱ་དགའ་ཨང་གཉིས་པ་གཉིས་། བྱ་དགའ་ཨང་གསུམ་པ་གསུམ་བཅས་བླངས།

ཐེངས་འདིའི་འཁྲབ་སྟོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དབང་བོ་སྐྱོན་ཅན་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་གསར་བ་མཚོན་པར་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།