ཝང་ཡུས་པོ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ལྟ་ཞིབ་མཛུབ་སྟོན་བྱས། ལྟ་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ་དང་། ནུས་པ་མཁྲེགས་གཏོར་དཀའ་སེལ་སྟེང་མངོན་པར་བྱེད་པ། དམིགས་འབེན་དམ་འཛིན་ལྷོད་མེད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་རྩ་བ་གྲོང་རྡལ་འབུམ་ཁང་ཁུག་སྡེ་བའི་གྱོན་ཆས་ལས་སྣོན་ཀུང་ཟི་དང་། སྡོང་བོ་ལ་ཁ་སྡེ་བའི་ཡུལ་གཞན་གནས་སྤོར་ས་ཆ། ཚའི་མགུར་ཁུལ་གསར་གྱི་ཆུ་འགྲམ་ཐང་ཆེན་དང་དུས་རབས་གསར་བའི་ཟོག་ཉོ་ཐང་ཆེན་ལས་གཞི་སོགས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་དམ་འཛིན་དང་ལས་གཞི་ལ་སྐུལ་འདེད་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱས་ཏེ། མཉམ་ཤུགས་གསར་བ་འཕེལ་རྒྱས་སུ་གཏོང་བར་དོ་སྣང་བྱེད་དགོས། རྒྱུན་མཐུད་ངང་དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་བྱེད་པར་དམ་འཛིན་བྱེད་པ་དང་། འཐེན་ཐུག་ཐོན་ལས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀུང་ཟི་དང་ཞིང་བ་ཞོར་ལས་པ། འཁོར་ཁང་ཆུང་བ་བཅས་ཀྱི་མཉམ་འབྲེལ་མ་དཔེ་ཁྱབ་གདལ་དུ་གཏོང་དགོས། སློབ་གསོའི་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། སློབ་གསོ་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་བྱ་བ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭ་འགྲོ་བར་འགན་སྲུང་བྱེད་པའི་བྱ་བར་དམ་འཛིན་བྱས་ཏེ། དབུལ་ཕོངས་ཀྱི་སྣང་ཚུལ་མི་རབས་ནས་མི་རབས་ལ་འབྱུང་བར་རྩ་བ་ནས་བཀག་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།

དཔའ་ལུང་ལས་རིགས་ལག་རྩལ་སློབ་གྲྭ་དང་དང་ཚའི་མགུར་ཁུལ་གསར་སློབ་འབྲིང་། ཚའི་མགུར་ཏཱ་ཀྲུང་ཆ་ཚང་སློབ་ཆུང་དང་བྱིས་གཉོར་ཁང་བཅས་སུ་རྟོག་ཞིབ་བྱེད་སྐབས། ཝང་ཡུས་པོ་ཡིས་དཔའ་ལུང་རྫོང་གིས་སློབ་གསོ་བྱ་བར་ཤུགས་སྣོན་པ་དང་། སློབ་གསོའི་རྒྱུ་སྤུས་མཐོར་འདེགས་བྱེད་པ། སློབ་སྒྲུབ་ཁྱད་ཆོས་འབུར་ཐོན་བྱེད་པ། དམིགས་བསལ་མི་ཚོགས་ལ་སེམས་ཁུར་བྱེད་པ། སློབ་གསོའི་ཐད་ཀྱི་འདྲ་མཉམ་ལ་འགན་སྲུང་བྱས་ཏེ། སློབ་གསོའི་ལས་དོན་ཁྱོན་ཡོངས་དང་མཐུན་སྦྱོར་། དོ་མཉམ་ངང་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།