མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སྒྲོག་འགྲེལ་གཏིང་ཟབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཞིང་ཆེན་འཆད་ཁྲིད་ཚོགས་པའི་བློ་མཐུན་ཚོས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བའི་སྒྲོག་འགྲེལ་བྱ་བའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར། ཁུལ། རྫོང་སྐོར་ཞིག་དང་། ལྷག་པར་དུ་ཞིང་གྲོང་དང་གཞིས་ཁུལ། སྡེ་བ་བཅས་སུ་སོང་ནས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་བརྗོད་སྙིང་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་གཞིར་བཟུང་བ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་གཙོ་གནད་དུ་བྱེད་པ། ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཞི་རིམ་དང་མང་ཚོགས་ལ་ཁ་གཏད་པ་དང་གསར་གཏོད་བྱེད་པ། ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱི་གཡུལ་ས་གཙོ་བོ་གཞི་རིམ་དུ་འཛུགས་པ་དང་གསར་གཏོད་བྱེད་པའི་སྐོར་གྱི་རེ་བ་དང་དམ་དུ་དམིགས་ནས། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བའི་སྒྲོག་འགྲེལ་དེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་པོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤེལ་བཞིན་པའི་བྱ་བ་གཙོ་བོ་སོགས་ཀྱི་སྒྲོག་འགྲེལ་དང་ཟུང་འབྲེལ་བྱེད་པ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་བར་གྱི་བརྗེ་རེས་ལ་མཐོང་ཆེན་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཤེས་རབ་དང་སྟོབས་ཤུགས་དེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་སྟེང་གཅིག་སྒྲིལ་བྱེད་པར་སྣེ་ཁྲིད་བྱེད་པ། བསྒྱུར་བ་བཞི་སྤེལ་བའི་ཁྲོད་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་བཅས་བྱས་ནས། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། འགོ་ཚུགས་ས་གསར་བའི་སྟེང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཐའ་གཅིག་ཏུ། སྒྲོག་འགྲེལ་ཉན་རྗེས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། ཚན་རིག་གི་གོ་དོན། ནང་དོན་གཙོ་བོའི་ཐད་ཀྱི་ངོས་ཟིན་སྔར་ལས་མཐོར་འདེགས་བྱས་པ་དང་། ཆབ་སྲིད་ཡིད་རྟོན་ཇེ་བརྟན་དང་ཆབ་སྲིད་བསམ་བློ་ཇེ་དྲག ཆབ་སྲིད་ཁག་ཁུར་ཇེ་ཆེར་བཏང་ཟེར། ཚང་མས་མཐའ་གཅིག་ཏུ། ནམ་ཡང་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་། ཡིད་ཆེས་བཞི་བརྟན་པོ་འཛུགས་པ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ། བསྒྱུར་བ་བཞི་ལ་དམིགས་པ་དང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བ་དང་། གྲུབ་འབྲས་བཟང་བོས་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། 
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།