མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཞིབ་དཔྱོད་ཁང་གིས་ལས་རིགས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་ལས་བྱེད་པ་དག་རྫོང་རྒྱལ་ཁྲལ་ཅུའུ་རུ་སོང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པར་གོ་བ་ཡང་དག་ལོན་པར་བྱས་ཏེ་ལས་རིགས་ནག་ཉེས་དང་རིང་དུ་གྱེས་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་པ་དང་། རྫོང་རྒྱལ་ཁྲལ་ཅུའུ་ཡི་ལས་བཟོ་བ་ཡོངས་འཆད་ཁྲིད་ལ་ཞུགས།

ཐེངས་འདིའི་འཆད་ཁྲིད་ཀྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་མཉམ་འབྲེལ་གྱིས་ཁྱབ་བསྒྲགས་ལག་བསྟར་བྱས་པའི་ལྐོག་ཟ་ལྐོག་རྔན་ལེན་པའི་ཉེས་དོན་གྱོད་གཞིའི་སྐོར་ཐག་གཅོད་བྱེད་པར་སྤྱོད་པའི་བཅའ་ཁྲིམས་ཀྱི་དོགས་གནད་འགའི་འགྲེལ་བཤད་ཅེས་པར་དམིགས་ནས་ཀོས་ནན་རྫོང་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞི་ཁ་ཤས་བཀོལ་སྤྱོད་དང་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བརྙན་ཐུང་བསྟན་ཏེ་ལས་རིགས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་རྣམ་པ་དང་་ལས་རིགས་ནག་ཉེས་བཟོ་བའི་རང་སྣང་ཡུལ་ཅན་གྱི་སེམས་ཁམས། ལས་རིགས་ནག་ཉེས་བཟོ་བའི་ཉེན་བརྡ། དེ་མིན་ལས་རིགས་ནག་ཉེས་སྔོན་འགོག་བྱེད་ཐབས་སོགས་ཕྱོགས་བཞིའི་ཐད་ནས་ལས་རིགས་ནག་ཉེས་བཟོ་བའི་བྱ་སྤྱོད་ལ་དབྱེ་ཞིབ་བྱས་ཏེ་ཚང་མའི་ལས་རིགས་ནག་ཉེས་ཀྱི་ཚབས་ཆེན་རང་བཞིན་དང་སྔོན་འགོག་བྱ་བའི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་བཏང་།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།