མགོན་པོ་བཀྲ་ཤིས་ཀྱིས་ཆིན་ཅུའུ་ཁྲིན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཆིན་ཅུའུ་ཁྲིན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟིའི་ནང་སོང་ནས་ལི་ཏུའུ་ཆུའུ་ཧྥིན་ཏོའེ་ཞང་གི་བུད་མེད་རྣམས་ཀྱིས་སྲོལ་རྒྱུན་ཚེབ་དྲུམ་ལག་རྩལ་ལ་བརྟེན་ནས་དབུལ་ཐར་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་རིགས་གནས་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་མཉམ་དུ་ཞིབ་འཇུག་གྲོས་བསྡུར་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། གཙང་ཆུ་ཚེམ་དྲུམ་ནི་མཚོ་སྔོན་གཙང་ཆུ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་མཚོ་སྔོན་གྱི་རྒྱ་ཆེའི་ཞང་སྡེའི་བུད་མེད་རྣམས་ཀྱིས་ཡོངས་ཁྱབ་ཏུ་ཤེས་པའི་ལག་རྩལ་ཞིག་ཡིན་པར་མ་ཟད། ཁོ་ཚོའི་ལས་ཞུགས་ཡོང་འབབ་འཕར་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཆིན་ཅུའུ་ཁྲིན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ཏེ་དབུལ་ཕོངས་ཞང་སྡེའི་བུད་མེད་རྣམས་རྩ་འཛུགས་བྱས་ནས་ཚེམ་དྲུམ་ལག་རྩལ་གྱི་གསོ་སྦྱོང་སྤེལ་ཏེ་ཁོ་ཚོའི་འཚམ་དྲུབ་ལག་རྩལ་དང་ཆེད་ལས་ཤེས་བྱ་མཐོར་འདེགས་གཏོང་རོགས་བྱེད་དགོས། ཁེ་ལས་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་མཉམ་བསྲེས་ཀྱི་རྣམ་པ་སྤྱད་དེ་ཧུར་ཐག་གིས་ཚེམ་དྲུབ་ཐོན་ལས་འཕེལ་རྒྱས་གཏོང་དགོས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་ཡུལ་སྐོར་དུས་ཆེན་སོགས་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་མཚོ་སྔོན་གསར་པ་དྲིལ་སྒྲོག་བྱེད་དགོས་པ་དང་གཙང་ཆུ་ཚེམ་དྲུམ་དེ་མཚོ་སྔོན་གྱི་མི་རིགས་མང་པོ་དང་རིག་གནས་མང་པོ་འཆམ་མཐུན་འཕེལ་རྒྱས་འགྲོ་བ་དྲིལ་སྒྲོག་བྱེད་པའི་མིང་བྱང་བཟང་བོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་དང་། ཧུར་ཐག་གིས་ཚེམ་དྲུམ་ཐོན་སྐྱེད་གཞི་ཁྱོན་ཅན་དང་ཐོན་རྫས་སྣ་མང་ཅན་མངོན་འགྱུར་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་ཕོངས་ཞང་སྡེའི་བུད་མེད་ཚོར་རོགས་སྐྱོར་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་ཞིག་གསར་གཏོད་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཏོན་པའི་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམ་དུ་དམིགས་ནས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ་དབུལ་ཕོངས་ཞང་སྡེའི་བུད་མེད་རྣམས་ཀྱི་ལས་ཞུགས་ལས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས་པ་དང་གནད་ཕིགས་དབུལ་སྐྱོར་བྱ་བར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།