མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དག་ས་ཆ་སོ་སོར་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་བསླངས། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དག་སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་སྡེ་འབྲོག་ཁུལ་དང་བཟོ་གྲྭ་ཁེ་ལས། ལས་ཁུངས། སྡོད་ཁུལ་སློབ་གྲྭ་བཅས་སུ་སོང་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གི་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། བཤད་ཚུལ་གསར་བ། བྱེད་ཐབས་གསར་བ། ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་གསར་བ་དང་རེ་བ་གསར་བ། བྱེད་ཐབས་གསར་བ་བཅས་གཞི་རིམ་དང་མང་ཚོགས་ལ་དྲིལ་སྒྲོག་བྱས་ལ། གཞི་རིམ་ཏང་ཡོན་ལས་བྱེད་དང་མང་ཚོགས་དང་བརྗེ་རེས་བྱས་པ་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཐུན་ཡོང་གི་ལྟ་བ་དང་མཉམ་ཤུགས་གཅིག་སྒྲིལ་བྱས།

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཧྥིན་ཏོས་ཞང་ཧྲང་དབྱི་སྡེ་བ་རུ་སོང་ནས། སྡེ་དམངས་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐད་ནས་གླེང་མོལ་བྱས། མགོན་པོ་བཀྲ་ཤིས་ཀྱིས་གོ་སླ་བའི་སྐད་ཆའི་ལམ་ནས་སྡེ་དམངས་ཡོངས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚང་མས་སེམས་ཁུར་དང་དོ་སྣང་བྱེད་བཞིན་པའི་ཞང་གྲོང་དར་སྤེལ་དུ་གཏོང་བའི་འཐབ་ཇུས་དང་དབུལ་ཐར་མཁྲེགས་གཏོར་སོགས་ནང་དོན་ཐད་ནས་འགྲེལ་བཤད་གསལ་བོ་བྱས།

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར། ཐིན་ཅཱ་ཝེ་རྩེ་ཁོག་རྫོང་གཡང་དམར་སྡེ་བ་དང་ཧི་ནན་རྫོང་གཡུ་རྒན་ཉིན་གྲོང་རྡལ་དུ་སོང་ནས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཉིས་ལག་བསྟར་སྔར་ལས་ལག་བསྟར་བཟང་བོ་བྱེད་པ་དང་། རྫོང་ཏང་ཨུ་དང་ཞང་དང་གྲོང་རྡལ་གྱི་ཏང་ཨུ། སྡེ་བའི་ཏང་ཀྲི་པུའུ་ཡིས་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས། དོ་དམ་དང་དམ་འཛིན་བྱེད་པ་དང་། དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་དགོས་ཟེར།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར། ཀྲང་ཞི་མེན་དར་ལག་རྫོང་དང་དགའ་བདེ་རྫོང་གཉིས་སུ་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་སྒྲོག་འགྲེལ་བྱས། དར་ལག་རྫོང་སྡེར་ནང་ཞང་དམུ་རི་སྡེ་བ་དང་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་མདའ་གཤིབ་ཐང་སྡེ་བ་གཉིས་སུ། ཀྲང་ཞི་མེན་གྱིས་སོ་སོར་ཏང་ཡོན་དང་མང་ཚོགས་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོང་དོན་སློབ་སྦྱོང་བྱས་པའི་ཐད་ཀྱི་མྱོང་ཚོར་བརྗེ་རེས་བྱས།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཡན་ཅིན་ཧེ་སྔ་གཞུག་ཏུ་ནང་ཆེན་རྫོང་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞང་དང་སྡེ་བ། འབྲོག་ཁྱིམ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། དབུལ་སྐྱོར་ཐོན་ལས་ར་བ་བཅས་སུ་སོང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དུས་རབས་གསར་བ་དང་བསམ་བློ་གསར་བ། དམིགས་འབེན་གསར་བ་གླེང་ལ། མཉམ་དུ་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱ་བའི་བྱེད་ཐབས་སྐོར་ནས་གྲོས་བསྡུར་བྱས།

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཝང་ཡུས་ཡུན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། རྒྱ་ཆེའི་ལས་བྱེད་པ་རྒན་པ་ཚོས་ཁྱད་འཕགས་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཀྱི་བརྩི་སྲུང་བ་དང་། ཏང་གི་སྒྲིག་ཡིག་དང་གཏན་ཁེལ་ཐད་ཀྱི་དཔེ་མཚོན་ལག་བསྟར་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་སྐུལ་འདེད་པ་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་དྲིལ་སྒྲོག་པ་དང་སྣེ་ཁྲིད་པ། འགྲེལ་བཤད་པ་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་ཐད་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤྲོད་བྱེད་པ་དང་། དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བའི་གཞི་རིམ་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་དང་སུམ་ཅུ་ཉིན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། ཡུས་ཚོང་ལི་སྔ་གཞུག་ཏུ་ཧུའུ་ཀྲུའུ་རྫོང་དང་མཚོ་ཤར་བཟོ་ལས་ར་བའི་ཁུལ། དཔའ་ལུང་རྫོང་། ལི་ཏུའུ་ཆུའུ་བཅས་ཀྱི་གཞི་རིམ་དུ་སོང་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཁ་གཏད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།  །
 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།