ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགོ་ཚུགས་ས་སྔར་ལས་མཐོན་པོ་ནས་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱ་བར་འཆར་འགོད་དང་ལག་བསྟར་བྱེད་པ། གཙོ་གནད་འབུར་ཐོན་དང་དཔེ་མཚོན་དུ་སྣེ་ཁྲིད་དུ་བྱས་ཏེ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅོན་དང་ལིག་ཉིན་གཉིས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཀྲུང་དབྱང་སྐབས་བཅུ་དགུ་པའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་དང་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ། ཧོང་ཀྲུང་རྫོང་སུའུ་ཨར་ཅི་སྡེ་བའི་ཞིང་སྡེ་དར་སྤེལ་དང་། གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་གྱི་ཚུལ་བསྒྱུར་འཕེལ་རྒྱས་བྱ་བ་སྤེལ་བའི་གནད་ཚུལ་ཐད་ཀྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་གཞི་བསྡུ་རུབ་དང་རིགས་སྒྲུབ་བྱ་བའི་ཚད་གཞི་དང་མཚོ་སྔོན་གྱི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་བཅོས་བསྒྱུར་དང་གསར་སྐྲུན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་བདག་གཉེར་བྱ་འགུལ་གྱི་བྱ་བ་བསྒྲུབ་པའི་ལས་དོན་སྡེ་ཁག་གི་བཅོས་བསྒྱུར་ཐད་ཀྱི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཇུས་གཞི། མཚོ་སྔོན་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཇུས་གཞི། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་སྤྱི་སྡོམ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བྱ་བའི་གྲོས་གཞི། ལྟ་ཞིབ་ལ་ཤུགས་སྣོན་པ་དང་བཅོས་བསྒྱུར་ལ་དམ་འཛིན་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ནི་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ལ་བསྩལ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཅོས་བསྒྱུར་ལས་འགན་གལ་ཆེན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དང་ཕན་ཡོད་འདྲེན་བྱེད། ཐོད་བརྒལ་བྱེད་ས་ཡང་ཡིན་པ་དང་། དེ་ནི་ཀྲུང་དབྱང་གི་ཡིད་རྟོན་དང་མཚོ་སྔོན་གྱི་འགན་འཁྲི་ཆེས་ཆེན་པོ་ཡིན་པས། ཡུན་རིང་བོར་འབད་འཐབ་བྱེད་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པ། དམངས་ཚིས་ལེགས་བསྒྱུར་བྱེད་རྒྱུ་དེ་ཚོད་ལྟའི་གྲུབ་འབྲས་ལ་ལྟ་ཞིབ་རྩིས་ལེན་བྱེད་པའི་ཚད་གཞི་རུ་བརྩི་བ། གནས་སྤོར་མང་ཚོགས་ལ་བཀོད་སྒྲིག་བྱེད་པ་དང་རྨང་གཞི་སྒྲིག་ཆས། གཏེར་ལས་དབང་ཆ་ཕྱིར་སྤྲོད་པ། དོ་དམ་སྒྲིག་གཞི་སོགས་གནད་དོན་ཐག་གཅོད་པ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་བར་གྱི་སྦྲེལ་མཐུད་བརྗེ་རེས་ལ་ཤུགས་སྣོན་པ། རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་བྱ་བ་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞང་གྲོང་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞང་གྲོང་དར་སྤེལ་དུ་གཏོང་རྒྱུ་དེ་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་དོན་ཆེན་ཞིག་ཏུ་བཟུང་ནས་དམ་འཛིན་བྱེད་པ་དང་། མཛེས་པའི་གྲོང་གསེབ་དང་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ། འཆར་འགོད་བཟང་བོ་བྱེད་པ། དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས་ཏེ། དམ་འཛིན་མཐའ་འཁྱོལ་བ་བྱེད་དགོས། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་མཐུན་སྦྱོར་བྱེད་པ། སྐུལ་འདེད་གཏོང་བར་ཤུགས་བསྣན་ནས། བཅོས་བསྒྱུར་གལ་ཆེན་དང་དཔེ་མཚོན་ལ་དམ་འཛིན་བྱེད་པ་འབུར་ཐོན་བྱེད་དགོས། སྡེ་ཁག་སོ་སོས་སྒྲིག་གཞི་རྐྱེན་སྲོལ་ལ་གསར་གཏོད་བྱེད་པའི་སྟེང་ཤུགས་འདོན་པ་དང་། སྲིད་ཇུས་ཀྱིས་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྣེ་ཁྲིད་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པ་དང་ཡུལ་དངོས་གྲོས་ཚོགས་བསྡུས་པ་གཉིས་ཟུང་འབྲེལ་བྱས་ནས། ཞང་གྲོང་དར་སྤེལ་གཏོང་བ་དང་ཁྱད་ཆོས་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་བརྟེན་ནས་དུས་རབས་གསར་བའི་བཅོས་བསྒྱུར་སྤེལ་བར་སྣེ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཐད་ཀྱི་འགྱུར་མི་རུང་བ་གསུམ་གྱི་རྩ་དོན་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།