མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་དབང་ཁེ་ལས་ཀྱི་ན་གཞོན་ལས་བཟོ་བ་དག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དངུལ་གཏོང་སྡེ་ཚོགས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་དབང་ཁེ་ལས་ཀྱི་ན་གཞོན་ལས་བཟོ་བས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། སྡེ་ཚོགས་ཀུང་ཟིའི་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོའི་ཕུལ་བྱུང་ན་གཞོན་པའི་འཐུས་མི་དང་ན་གཞོན་ཏང་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་སོགས་མི་བདུན་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཞིང་ཆེན་དངུལ་གཏོང་སྡེ་ཚོགས་ཀྱི་ཁོངས་གཏོགས་ཀུང་ཟི་མཚོ་སྔོན་དབྱི་ཧི་ཞིབ་བཤེར་བཟོ་བཅོས་སྒྲོག་སྦྱོར་ཚད་ཡོད་ཀུང་ཟིའི་འཁོར་ཁང་ལ་སྲུང་སྐྱོབ་དང་ཚོད་ལྟ་བྱེད་པའི་ལས་བཟོ་བ་ལེན་ཡ་ལི་ཡིས་ཚང་མར་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མྱོང་ཚོར་དང་ཏང་གི་ཚོགས་ཆེན་བཅུ་པའི་དགོངས་དོན་གྱི་ངོས་ཟིན་གླེང་།

སློབ་སྦྱོང་བྱས་པ་བརྒྱུད། ཚང་མས་གཅིག་གྱུར་སྒོས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ན་གཞོན་རྣམས་ལ་རེ་བ་ནན་མོ་བཅོལ་ཡོད་པ་དང་། འདིས་ན་གཞོན་རྣམས་ཀྱིས་དུས་རབས་གསར་པའི་ནང་འབད་བརྩོན་ལྷོད་མེད་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཚང་མས་ལང་ལོང་གིས་བསྟན་དོན། ཏང་གི་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱིས་མུ་མཐུད་དུ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བ་རྒྱ་ཆེར་སྤེལ་དགོས་པ་དང་། རྒྱ་ཆེའི་ན་གཞོན་ལས་བཟོ་བ་དག་གིས་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་ཞུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་བཅོལ་བའི་རེ་བ་སྟོང་ཟད་དུ་མི་གཏོང་བར་དུས་རབས་གསར་པའི་ལས་འགན་ཁག་ཁུར་བྱེད་པ་དང་རང་གི་བྱ་བའི་ལས་གནས་སྟེང་ཕུགས་འདུན་མངོན་འགྱུར་བྱས་ཏེ་མི་ཚེའི་ངོ་མཚར་ཆེ་བའི་ལེའུ་འབྲི་བར་རོགས་སྐྱོར་བྱེད་དགོས་པའི་་རེ་བ་བཏོན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།