མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་དགུ་བ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་དགུ་བ་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་དམག་ཨུ་དང་ནུབ་རྒྱུད་དམག་ཁུལ། དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་བཅས་ཀྱི་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་མཐར་ཕྱིན་བྱས་པར་མ་ཟད། ན་ནིང་གི་བྱ་བར་སྤྱི་སྡོམ་དང་ད་ལོའི་འོས་འགན་ལ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འགན་ནུས་འོས་འགན་གཅིག་བསྡུས་དང་བཅོས་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྲུན་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་འདས་པའི་ལོ་གཅིག་རིང་གི་དམག་ཁུལ་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་དམག་ཁུལ་གྱི་རིམ་པ་སོ་སོའི་འགོ་ཁྲིད་དང་དཔོན་དམག་ཡོངས། རྒྱ་ཆེ་བའི་དམངས་དམག་སྟ་གོན་མི་སྣ་བཅས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས་པར་མ་ཟད་གུས་འདུད་བླ་མེད་བྱས་ཏེ། ཀུན་གྱིས་མུ་མཐུད་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ནས་མཛད་རྗེས་འཇོག་དགོས་ཞེས་བཤད།

ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་དམག་ཁུལ་གྱིས་དམག་ཁུལ་ལ་མཐུན་སྦྱོར་དང་དམག་གསུམ་ལ་ཁ་ཕྱོགས་པའི་འགན་ནུས་ལག་བསྟར་བྱས་ཡོད། ཞབས་འདེགས་ཞུ་བའི་གཞི་རྩའི་ཁ་ཕྱོགས་བརྟན་པོ་བཙུགས་ཏེ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་ལྟེ་བའི་འོས་འགན་དམ་པོར་བཟུང་ནས། མཁོ་བསྟུན་མྱུར་སྒྲུབ་དང་ཞབས་འདེགས་དམག་འཐབ་ཀྱི་ཚད་གཞིའི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། དམག་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བྱ་བ་ཁྱབ་ཁོངས་ཆེན་པོ་དང་ཚད་གཞི་མཐོན་པོའི་སྟེང་ནས་མཉམ་འདྲེས་ཡོང་བར་འཕེལ་རྒྱས་གཏོང་དགོས། ཧུར་བརྩོན་ཆེན་པོས་དམག་དཔུང་གི་འཛུགས་སྐྲུན་གྱི་བླང་བྱ་ཇེ་མཐོར་བཏང་ནས། སྲིད་གཞུང་གིས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་བཏོད་པར་དམ་འཛིན་བྱེད་དགོས་ཟེར། 

ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆུས་ཞིན་ཡུང་གིས་གཏམ་བཤད་པ་དང་། ཞིང་ཆེན་དམག་ཁུལ་གྱི་སྲིད་ཨུ་ལིས་ཉིང་གིས་བྱ་བར་སྙན་ཞུ་ཕུལ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།