མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་གཏིང་ཟབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱས་པ་དང་རྒྱ་བོད་སྐད་གཉིས་ཀྱིས་འགྲེལ་བཤད་བྱེད་པར་གཙིགས་འཛིན་བྱེད་པ། མང་ཚོགས་ཀྱིས་ཉན་སྤྲོ་ཞིང་ལྟ་འདོད་པའི་བྱེད་ཐབས་སྤྱད་དེ་སྡེ་བ་སོ་སོ་དང་གཞིས་ཁུལ། འབྲོག་ཁྱིམ་སོགས་སུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་ཏེ་དྲིལ་སྒྲོག་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་།

རྨ་ཆེན་རྫོང་གིས་སྡེ་བ་རིམ་པའི་གཞི་རིམ་ལས་བྱེད་མི་སྣ་དྲུག་ཅུ་ལྷག་རྩ་འཛུགས་བྱས་པ་དང་སྡེ་བའི་ཧྲུའུ་ཅི་ཞེ་གསུམ་གྱིས་སྣེ་ཁྲིད་དེ་རྒྱ་བོད་སྐད་གཉིས་ཀྱིས་སྒྲོག་འགྲེལ་བྱེད་པའི་སྡེ་དཔོན་སྒྲོལ་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་དོན་དང་ཁོ་ཚོའི་འཚོ་བར་ཟུང་འབྲེལ་དམ་པོ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྒྲོག་འགྲེལ་གཏིང་ཟབ་བྱས། ཞང་སྡེ་དར་སྤེལ་འཐབ་ཇུས་དང་ས་ཞིང་གི་འགན་གཙང་ལེན་ཐད་ཀྱི་སྲིད་ཇུས་གསར་པ། གཞི་རིམ་དམངས་གཙོའི་ཁྲིམས་སྐྱོང་བཅས་འགྲེལ་བཤད་བྱེད་པ་གཙོར་བཟུང་བར་མ་ཟད། མིག་སྔའི་གནད་ཕིགས་དབུལ་སྐྱོར་དབུལ་ཐར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཐུམ་འབུའི་ནད་སོགས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་མང་ཚོགས་ཀྱིས་གོ་སླ་བའི་བྱེད་ཐབས་སྤྱད་དེ་གཞི་རིམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཚ་རླབས་བསླངས། གཞི་རིམ་ཏང་ཡོན་ལས་བྱེད་པས་ལང་ལོང་གིས་བསྟན་དོན། ང་ཚོའི་གོ་སླ་བའི་བྱེད་ཐབས་སྤྱད་དེ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་པ་དང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

རྨ་ཆེན་རྫོང་གིས་ད་རུང་རིག་རྩལ་གྱི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་ལ་རྒྱུན་ལོན་གཏིང་ཟབ་བྱེད་པའི་དགོས་མཁོ་བསྐངས་པ་དང་། རིག་རྩལ་གྱི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་འགྲན་སྡུར་བྱ་འགུལ་སྤེལ་ཏེ་ཕུལ་བྱུང་འདེམ་པའི་རྣམ་པ་བརྒྱུད་ནས་སློབ་སྦྱོང་འགྲན་སྡུར་དང་རོགས་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།