ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ལ་རྒྱ་བོད་ཤན་སྦྱར་གྱི་ས་མིང་དཔེ་ཆ་གནང་བའི་མཛད་སྒོ་ཟི་ལིང་ནས་བསྡུས།

a6240b16681d04169cc64943f44a6781.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ལ་རྒྱ་བོད་ཤན་སྦྱར་གྱི་ས་མིང་དཔེ་ཆ་གནང་སྦྱིན་མཛད་སྒོ་ཟླ1པོའི་ཚེས11ཉིན་གྱི་ཕྱི་དྲོ་ཟི་ལིང་ནས་བསྡུས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཝན་དབྱིན་དང་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་བོད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཙུང་ཧྲིག མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གུང་ཆིས་ཏེ་སོགས་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་།  ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གསར་འགྱུར་ལྟེ་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་ཚགས་པར་སོགས་འབྲེལ་ཡོད་སྡེ་ཁག་དང་གཞི་རིམ་གྱི་འཐུས་ཚབ་མི་སྣ་བཅས་བསྡོམས་པས་མི20ལྷག་དཔེ་ཆ་གནང་བའི་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཝན་དབྱིན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཙུང་ཧྲིག་གིས་འགོ་འཛིན་བྱས་པ་མ་ཟད་ཤིས་ཚིག་ཕུལ།

微信图片_20180112144942.jpg

ཀྲང་ཙུང་ཧྲིག་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཐོག་མར་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ལིས་ཝན་དབྱིན་སོགས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཡོངས་ཀྱི་གོང་འོག་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་པའི་སྐབས་འདིར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་འགོ་ཁྲིད་ཀྱིས་གྲང་ངར་ལ་མ་འཛེམ་པར་མཚོ་སྔོན་ལ་རྒྱ་བོད་ཤན་སྦྱར་གྱི་ས་མིང་དཔེ་ཆ་སྐྱེལ་ཡོང་བ་དེས་ཀྲུང་གོའི་མི་རིགས་སྐད་ཡིད་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཡིག་སྒྱུར་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ་མཚོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཡིག་སྒྱུར་བྱ་བ་སྒྲུབ་མཁན་གྱི་ཆུ་ཚད་དང་ནུས་པ་མཐོར་འདེགས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བ་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་གྱི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་སྡེ་ཁག་གིས་རྒྱ་བོད་ཤན་སྦྱར་གྱི་ས་མིང་དཔེ་ཆ་དེ་དག་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དཔེ་དེབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དཔེ་དེབ་དེ་དག་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བ་སྒྲུབ་མཁན་ཚོའི་ལག་རོགས་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཟེར།

微信图片_20180112144948.jpg

ཐེངས་འདིའི་མཛད་སྒོའི་སྟེང་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ལ«བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེའི་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»དང«མཚོ་སྔོན་སི་ཁྲོན་ཀུན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར»། «མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»སོགས་དཔེ་དེབ་གནང་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཅུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གསར་འགྱུར་ལྟེ་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་བོད་ཡིག་ཚགས་པར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དཔེ་དེབ་དང་ལེན་བྱས།   །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།