མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ཚོགས་པའི་ཚུན་ལ། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། སྒྲོག་འགྲེལ་རྣམ་པ་གསར་གཏོད་དང་སྒྲོག་འགྲེལ་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། གཞིས་ཁུལ། དམག་སྒར་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་སྒྲོག་འགྲེལ་མི་སྣས་བསྡོམས་པས་སྒྲོག་འགྲེལ་ཐེངས་སུམ་བརྒྱ་ལྷག་སྤེལ་བ་དང་མི་ཁྲི་གཅིག་དང་སྟོང་ལྔ་ལྷག་ལ་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་སྔར་ལས་ཡུལ་བབ་དང་མཐུན་པར་བྱེད་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་ཏང་གི་བྱ་འགུལ་ཉིན་མོའི། ལས་བྱེད་མི་སྣའི་ཚོགས་ཆེན། ཁ་བརྡ་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་བསྐྱོད་པའི་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བར་མ་ཟད། གཞི་རིམ་དང་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་སྤྱད་དེ་གཅིག་ཁ་གཅིག་གཏད་ཀྱིས་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།

དེ་དང་མཉམ་དུ། རོང་འབྲོག་ཁུལ་དུ་མི་སྣ་ཁ་ཐོར་ཡིན་པ་དང་གཅིག་བསྡུས་བྱེད་དཀའ་བའི་ཁྱད་ཆོས་ལ་དམིགས་ནས་རིག་གཞུང་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ་སྦྲ་གུར་ཏང་གི་སློབ་གྲྭ་དང་རྟ་ཐོག་གི་སློབ་ཁྲིད། ཞིང་རའི་སློབ་ཁྲིད་བཅས་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འདོན་བྱས་ཏེ་གཞི་རིམ་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ལ་སྔར་ལས་ལྷག་པའི་རྒྱུས་ལོན་ཡོད་པར་བྱས་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་བཏང་།

ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་གཞི་ཁྱོན་དང་ཤུགས་ཚད་ཡོད་པར་བྱེད་ཆེད། དོ་སྣང་མ་བྱས་ས་གཅིག་ཀྱང་མེད་པར་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཏེ་སྒྲོག་འགྲེལ་གྱི་འགུག་ཤུགས་དང་འགུག་ནུས་ཇེ་དྲག་ཏུ་བཏང་། ན་གོར་མོ་གྲོང་ཁྱེར་གྱིས་སྐད་འཕྲིན་སྤྱི་སྟེགས་གཉིས་དང་མགྲོན་སྣེ་གཉིས་སོགས་སྨྱན་བྱད་གསར་པའི་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་དྲ་ཐོག་ནས་སློབ་སྦྱོང་དྲིལ་སྒྲོག་བྱེད་ཐུབ་པར་བྱས། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྲིད་དོན་ཆ་འཕྲིན་སྟེགས་བུ་དང་དྲིལ་སྒྲོག་པང་ལེབ། གྱང་ངོས་བརྡ་ཁྱབ་སོགས་ཀྱི་བྱེད་ནུས་བེད་སྤྱོད་གང་ལེགས་བྱས་ཏེ་ཁྱོན་ཡོངས་ལ་ཁེབས་པ་དང་ཟུར་མང་བ། ལངས་གཟུགས་ཅན་གྱི་སྒྲོག་འགྲེལ་བྱེད་པ་སོགས་བྱ་བ་བཟང་བོར་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།