ཝང་ཅན་ཅོན་གྱིས་ཧུའུ་ཀྲུའུ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་གཉིས་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བ་དང་འབག་བཙོག་འགོག་བཅོས་ལས་དོན། དབུལ་ཐར་མཁྲེགས་གཏོར་བྱ་བ་བཅས་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་སྒོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྣམ་འགྱུར་དང་འགན་འཁྲི། བདེན་གཉེར་བཅས་ཀྱི་ལས་དོན་གལ་འགངས་ཆེ་སར་བརྩིས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བ་ཏན་ཏན་ཏིག་ཏིག་སྒོས་དངོས་འབེབས་བྱེད་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་འབབ་བཙོག་འགོག་བཅོས་དང་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས་ནས། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་མངོན་དུ་འགྱུར་བར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

ཉིན་དེར་ཝང་ཅན་ཅོན་གྱིས་གྲང་ངར་གདོང་གིས་བསུས་ཏེ། ཡུལ་དངོས་ནས་ཧུའུ་ཀྲུའུ་རྫོང་བཙོག་ཆུ་འདོར་ལེན་བཟོ་གྲྭ་གཉིས་པའི་འཛུགས་སྐྲུན་དང་སྒོ་ཕྱུགས་གསོ་སྤེལ་ར་བའི་འབག་བཙོག་ལེགས་བཅོས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། ཏན་ཏན་ཏིག་ཏིག་སྒོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལེགས་སྒྲིག་ལྟ་ཞིབ་བྱ་བས་བཏོན་པའི་བསམ་འཆར་དང་གནད་དོན་ལེགས་སྒྲིག་བྱེད་དགོས། བྱ་བའི་རྣམ་འགྱུར་བཟང་བོ་དུས་རྟག་པར་ཡིད་ལ་བཅངས་ནས། ལེགས་སྒྲིག་བྱ་བ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསྒྲུབ་དགོས། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་དགོས་པའི་འདུ་ཤེས་ཡིད་ལ་དམ་པོར་ཉར་ནས། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བཏོན་པའི་བསྐྱུར་མི་རུང་བ་དྲུག་གི་བླང་བྱ་ལྟར་དུ། ཞུམ་མེད་སྙིང་སྟོབས་དང་མཐུན་སྦྱོར་མཉམ་སྒུལ། གནད་དོན་ཕུ་འདེད་བཅས་བྱས་ཏེ་ཕན་འབྲས་ལོན་པར་བརྩོན་ནས། ཤུགས་ཆེ་ལ་གོ་རིམ་ལྡན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ཁྱོན་ཡོངས་ལེགས་སྒྲིག་བྱ་བ་དམ་པོར་བཟུང་བ་བརྒྱུད། ཏང་དང་མི་དམངས་ཀྱི་འདོད་བློ་དང་ཚིམ་པའི་བྱས་རྗེས་ཤིག་འཇོག་ཐུབ་དགོས་ཟེར།

ཁོས་ནན་གྱིས་བསྟན་དོན། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་འགན་འཁྲི་ཨང་དང་པོར་འཇོག་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འོས་འགན་དང་གཞི་གཅིག་ཏུ་སྦྲེལ་ནས། ལོ་གསུམ་གྱི་ཡུན་ལ་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་དགོས་པའི་ལག་ལེན་དང་དམ་པོར་འབྲེལ་ཏེ། གནད་དོན་ཁ་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ་དང་གནད་སའི་ཁྱབ་ཁོངས་དམ་པོར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་སྲིད་འགན་འཁྲི་གཅིག་པ་ཡིན་པ་དང་ལས་གནས་གཅིག་གི་སྟེང་ནས་འགན་འཁྲི་གཉིས་ཕྲག་སྟེང་དུ་ལེན་དགོས་པའི་ལས་དོན་དངོས་འབེབས་བཟང་བོ་བྱེད་དགོས། སྲིད་གཙང་དང་འགན་འཁྲིའི་བྱ་བ་ཡིད་ལ་དམ་པོར་ཉར་ནས། དཔྱད་ཞིབ་འགན་འཁྲི་རྩད་གཅོད་ལས་དོན་ལ་ཤུགས་སྣོན་དགོས་ཤིང་། ཕན་འབྲས་ལྡན་ཞིང་ཡུན་རིང་བོར་གོ་ཆོད་པའི་ལམ་ལུགས་ཤིག་བཙུགས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས། ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་བཟང་བོ་ཡོང་བར་འབད་དེ། མི་དམངས་མང་ཚོགས་ལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་འབྱུང་བཞིན་པའི་ཕན་འབྲས་མིག་མཐོང་ལག་ཟིན་སྟོན་ཐུབ་དགོས་ཟེར།

དེའི་རྗེས་ནས་ཝང་ཅན་ཅོན་གྱིས་ཧུའུ་ཀྲུའུ་རྫོང་མཐོ་སྒང་དེང་རབས་ཞིང་ལས་དཔེ་སྟོན་ར་བ་དང་ལིན་ཁྲོན་ཞང་ཙའོ་ཀན་སྡེ་བར་སོང་ནས། ཐོན་ལས་དབུལ་ཐར་དང་གནས་སྤོར་དབུལ་ཐར་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། གནད་ཕིགས་དབུལ་ཐར་གྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་བདེན་འཛིན་བྱ་བ་ཐོག་མར་འཛིན་དགོས་ཤིང་། རྒྱལ་ཁབ་ཀྱི་ཞང་དང་སྡེ་བ་བསྐྱར་དར་འཐབ་ཇུས་ཀྱི་ལག་ལེན་ལ་དམིགས་པ་གཏད་དེ། དབུལ་ཐར་དམིགས་འབེན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་དབུལ་ཐར་ཕན་འབྲས་མཐོ་རུ་གཏོང་བར་འབད་འབུངས་བྱེད་དགོས་ཟེར།

ཝུའུ་ཁྲིན་ཡོན་གྱིས་རྟོག་ཞིབ་བྱེད་རོགས་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།