​ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གལ་ཆེན་ལག་བསྟར་མ་བྱས་པའི་སྔོན་གྱི་བྱ་བ་མཐུན་སྦྱོར་ངང་སྤེལ་བའི་འགོ་ཁྲིད་ཚན་ཆུང་དང་དུས་ཚིགས་དང་པོའི་དངུལ་གཏོང་ལས་གཞི་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གལ་ཆེན་ལག་བསྟར་མ་བྱས་པའི་སྔོན་གྱི་བྱ་བ་མཐུན་སྦྱོར་ངང་སྤེལ་བའི་འགོ་ཁྲིད་ཚན་ཆུང་དང་དུས་ཚིགས་དང་པོའི་དངུལ་གཏོང་ལས་གཞི་བྱ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལས་གཞི་གྲུབ་པའི་ལོའི་དུས་ཚིགས་དང་པོར་འགོ་བཟང་བོ་རྩོམ་པར་དམིགས་པ་དང་། ཕན་ནུས་ཡོད་པའི་སྒོ་ནས་དངུལ་གཏོང་ཚད་རྒྱ་སྐྱེད་པ་དང་ལས་གཞི་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་རྐང་བཙུགས་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕར་སྣོན་འབྱུང་བ་ལས་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བསྒྱུར་བའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ལས་གཞི་གལ་ཆེན་ལག་བསྟར་མ་བྱས་པའི་སྔོན་གྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་ལས་གཞི་ཐད་ནས་བཀོད་སྒྲིག་བྱས། ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། འཕེལ་ཕྱོགས་གསར་བ་དང་འགྱུར་ལྡོག་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལྟར་རྒྱུན་མཐུད་དང་ནུས་ལྡན་ངང་དངུལ་གཏོང་རྒྱ་སྐྱེད་པ། དངུལ་གཏོང་ལས་གཞིའི་བྱ་བ་བཟང་བོར་བསྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ལས་གཞི་གྲུབ་པའི་ལོའི་བྱ་འགུལ་བརྟན་བརླིང་ངང་སྤེལ་ནས། ལས་གཞི་བྱ་བའི་ཐད་ནས་གྲུབ་འབྲས་ལེན་དགོས་ཟེར།

ཝང་ཡུས་པོ་ཡིས་བསྟན་དོན། དངུལ་གཏོང་ནི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཡིན་པས། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྔ་བཞི་འཐབ་ཇུས་ལག་བསྟར་བྱེད་པ་དང་དམ་དུ་དམིགས་ནས། དངུལ་གཏོང་གིས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཐད་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ། གཏན་འཇགས་སྒོས་འཕར་སྣོན་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་ཁྲོད་གནད་འགག་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།