མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པ་དང་ལྷན་དུ་གྲོས་མོལ་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཀྱང་ཐེངས་འདིའི་གྲོས་མོལ་ལ་ཞུགས། ཝང་གོ་ཧྲིན་དང་ཝང་ཅན་ཅོན། ཐིན་ཅཱ་ཚའེ། ཝང་ཡུས་པོ། ཀྲང་ཀོང་རུང་སོགས་ཀྱིས་གཏམ་བཤད།

ཝང་ཧུའུ་ཉིན་གྱིས་བཤད་དོན། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་མོས་མཐུན་མཐའ་གཅིག་ཏུ་ཡོད། རེ་བ་ཡིན་ན་མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སློབ་སྦྱོང་བྱང་ཆུབ་པར་ཡོང་བ་ལ་སྟོབས་ཤུགས་ཕུལ་ནས། ལས་བྱེད་མང་ཚོགས་ལ་སྣེ་འདོམས་བྱས་ཏེ་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་འགྱུར་བར་སྟོབས་ཤུགས་གང་ཡོད་གཅིག་བསྡུས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་ངང་རིམ་སྤོར་ཡོང་བར་འབད་དེ། ཤུགས་ཆེན་པོས་ཁྱད་ལྡན་བསྐྱར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པ་སོགས་ལ་བརྩོན་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་འཕར་གཞི་གསར་བ་འབྱུང་བར་འབད་དགོས། དམངས་ཚིས་ལེགས་བཅོས་དང་འགན་ལེན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། གནད་ཕིགས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པ། མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་བ་ལེགས་པར་བསྒྲུབ་པ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ། ཐོབ་འདོད་ཀྱི་ཚོར་བ་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་བྱ་བའི་བླང་བྱ་སྤྱི་དངོས་འབེབས་དོན་འཁྱོལ་བྱས་ནས། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་མངོན་པར་མཚོན་ཡོད་པས། ང་རང་ངོས་ནས་དེར་མོས་མཐུན་མཐའ་གཅིག་ཏུ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པར་ཅིས་ཀྱང་དད་སེམས་བཅངས་ནས་སློབ་དགོས་པ་དང་། བདེན་ལུགས་འཚོལ་སྙེག་གི་སྟེང་དུ་དད་སེམས་བཅོལ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཁྲོད་ནས་ཁ་ཕྱོགས་དང་དྲིས་ལན་འཚོལ་དགོས། བརྩེ་སེམས་རྣལ་མ་བཅངས་ནས་སློབ་དགོས་ཤིང་། ཏང་སེམས་དང་དམངས་སེམས་འོ་ཆུ་གཅིག་ཏུ་འདྲེས་པའི་ཁྲོད་ནས་མི་དམངས་མང་ཚོགས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། འགན་འཁྲི་ཡིད་ལ་བཅངས་ནས། སློབ་སྦྱོང་གི་གཞི་གཅིག་སྦྲེལ་གནས་དང་འཇུག་ངོགས་བཙལ་ཏེ། བྱ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་གི་གོམས་སྲོལ་བཟང་བོ་བཅངས་ནས། བློ་སེམས་རྣལ་དུ་ཕབ་ནས་མ་རྩོམ་བཀླགས་ཏེ། རྩ་བའི་སྒུལ་ཤུགས་བཙལ་ནས་རྙེད་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གྱི་དགོངས་དོན་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རང་རྟོགས་ལག་ལེན་དུ་བསྒྱུར་ནས།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་རྒྱལ་ཁ་ངེས་ཅན་ལེན་ཐུབ་དགོས་ཟེར།

ཝང་ཅན་ཅོན་གྱིས་བཤད་རྒྱུར། ཐེངས་འདིའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཐོག་མཐའ་བར་གསུམ་ཀུན་ལ་བརྒྱུས་ཡོད་ཅིང་། ཏང་ཀྲུང་དབྱང་གིས་བླང་བྱ་བཏོན་པའི་ལས་དོན་བཟང་བོར་བསྒྲུབ་པ་དང་། བཅའ་ཁྲིམས་ཀྱི་ཁྲིམས་བཅད་ལྟར་ལས་དོན་བསྒྲུབ་པ། རང་སྟེང་གི་འཛུགས་སྐྲུན་དམ་པོར་འཛིན་པ་བཅས་འབུར་དུ་ཐོན་པར་བྱས་ཡོད་ལ། ཤུགས་འདོན་ས་བདུན་གྱི་ཕྱོགས་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བ་གཙོ་བོར་སྤྱི་སྡོམ་བྱས་ཡོད་པར་མ་ཟད། ཕྱོགས་ལྔའི་ཐད་ནས་དམངས་ཆེན་བྱ་བའི་གནས་ཐིག་དང་བྱ་བའི་ཆོས་ཉིད་ཀྱི་ངོས་ཟིན་སྔར་ལས་གཏིང་ཇེ་ཟབ་དུ་བཏང་ཡོད་པས། མུ་མཐུད་དུ་ཤུགས་སྣོན་དགོས་པ་གསུམ་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་བསམ་འཆར་བཏོན་ཡོད། དེ་བས་ན་ང་རང་ཐེངས་འདིའི་སྙན་ཞུར་མོས་མཐུན་མཐའ་གཅིག་ཏུ་ཡོད། ཐེངས་འདིའི་སྙན་ཞུར་ཉན་པ་ལས་མྱོང་སྣང་ཟབ་མོ་བཞག་པ་ནི། གཅིག་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གིས་སྤྲད་པའི་དོན་ཆེན་སྐོར་ཞིག་ཡོངས་འགྲུབ་བྱས་ཟིན་པ་དང་། གཉིས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ཁྲིམས་འཛུགས་དང་ལྟ་སྐུལ། གཏན་འཁེལ། གོ་གནས་བསྐོ་འཐེན་སོགས་ཀྱི་འགན་དབང་མང་པོ་ཞིག་ལག་བསྟར་བྱས་ཡོད་པ། གསུམ་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་བསམ་བློ་དང་ཆབ་སྲིད། རྩ་འཛུགས། བྱེད་ཕྱོགས་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་ཟེར།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། ཐེངས་འདིའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མགོ་རྔ་བར་གསུམ་ཀུན་ལ་བརྒྱུས་ཡོད་ཅིང་། ཁྱོན་ཡོངས་ནས་ལོ་ལྔའི་རིང་གི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱིས་བླངས་པའི་གྲུབ་འབྲས་གལ་ཆེན་མངོན་པར་མཚོན་ཡོད་ལ། དེར་ཆབ་སྲིད་ཀྱི་རང་བཞིན་དང་གཞུང་ལུགས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་མངོན་གསལ་དྲག་པོ་ལྡན་པས། ང་རང་ངོས་ནས་དེར་མོས་མཐུན་མཐའ་གཅིག་ཏུ་ཡོད་ཟེར།

ཝང་ཡུས་པོ་ཡིས་བཤད་རྒྱུར། ང་རང་ངོས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་མོས་མཐུན་ཆེན་པོ་ཡོད། འདས་པའི་ལོ་ལྔའི་རིང་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། རང་རྒྱལ་སྤྱི་ཚོགས་དང་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དབང་ཟིལ་རང་བཞིན་སྔར་མེད་ཇེ་དྲག་ཏུ་སོང་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་འབྲེལ་འདྲིས་ཀྱང་སྔར་མེད་རྒྱ་ཁྱབ་ཅན་དང་གཏིང་ཟབ་ཅན། ཕན་འབྲས་ཅན་གྱི་ཕྱོགས་སུ་འཕེལ་ཡོད་པས། མི་དམངས་མང་ཚོགས་ཀྱི་སེམས་དཔངས་ཇེ་མཐོར་སོང་ཡོད་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི། ལངས་ཕྱོགས་གསལ་ཞིང་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཆོས་ཉིད་ལ་གོ་བ་ཡང་དག་ལེན་པ། དུས་བསྟུན་མདུན་སྐྱོད་བཅས་ཀྱི་ཁྱད་ཆོས་རྫོགས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ངོས་ནས་དེར་མོས་མཐུན་མཐའ་གཅིག་ཏུ་ཡོད་ཟེར།

ཁྲིན་ལིས་ཧྥུན་དང་ཀྲང་ཞའོ་རུང་། པད་རྒྱལ་བཀྲ་ཤིས། མིན་ཧེ། ཨ་ཧྲིན་ཆིན། ཧྲ་ཧྥུན། པིས་ཧྲིན་ཀྲུང་། ཁོང་ཆིན་ཅུའུ། ཀྲང་ཡུང་ལིས། ཤ་བོ་སྒྲོལ་མ། བཀྲ་ཤིས་རྡོ་རྗེ། མཱ་ཡུས་ཟི་ཧྥུའུ། མཱ་ཧྥུའུ་ཁྲང་སོགས་འཐུས་མི་རྣམས་ཀྱིས་ཀྱང་གཏམ་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།