མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས་རྒྱལ་ཡོངས་འབྲེལ་ཡོད་པུའུ་ཨུ་ཡིས་ཙོང་ཆུའི་ལྷོ་འགྲམ་གྱི་ཆུ་བེད་ཆུ་གཏོང་བཟོ་སྐྲུན་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱེད་བཞིན་པའི་ཙོང་ཆུ་བྱང་འདྲེན་བཟོ་སྐྲུན་དང་ནུབ་འདྲེན་བཟོ་སྐྲུན་གྱིས་ཙོང་ཆུའི་བྱང་འགྲམ་དང་ནུབ་འགྲམ་རི་ཁུལ་གྱི་ཆུ་དཀོན་པའི་གནད་དོན་གཞི་རྩའི་སྟེང་ཐག་གཅོད་བྱས་ཡོད་ནའང་། ཙོང་ཆུའི་ལྷོ་འགྲམ་རི་ཁུལ་དུ་ཆུ་དཀོན་པའི་གནད་དོན་ད་དུང་ཅུང་འབུར་ཐོན་ཡིན། དེ་བས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས་རྒྱལ་ཡོངས་འབྲེལ་ཡོད་པུའུ་ཨུ་ཡིས་ཙོང་ཆུའི་ལྷོ་འགྲམ་གྱི་ཆུ་བེད་ཆུ་གཏོང་བཟོ་སྐྲུན་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གཞི་རྩའི་སྟེང་ཙོང་ཆུའི་ལྷོ་འགྲམ་དུ་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱས་ཏེ་ཙོང་ཆུའི་བཞུར་རྒྱུན་གྱི་ཆུའི་ཐོན་ཁུངས་ལུགས་མཐུན་སྒོས་བཀོད་སྒྲིག་དང་ཕན་ནུས་མཐོ་བའི་སྒོ་ནས་བེད་སྤྱོད་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དམིགས་འབེན་མངོན་འགྱུར་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཆུ་བཀོལ་གྱི་འགན་སྲུང་ནུས་པ་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་ཙོང་ཆུའི་ལྷོ་འགྲམ་གྱི་ཆུ་བེད་ཆུ་གཏོང་བཟོ་སྐྲུན་གྱི་དུས་སྐབས་སྔོན་མའི་ཞིབ་འཇུག་བྱ་བ་སྤེལ་བར་མ་ཟད་དེར་འཆར་འགོད་བྱས། མིག་སྔར། བཟོ་སྐྲུན་དེའི་འཆར་འགོད་དང་ལས་གཞི་གྲོས་གཞིའི་ཡི་གེའི་སྒྲིག་བཟོ་ཡོངས་གྲུབ་བྱས་ཡོད་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཆུ་བེད་པུའུ་ཡི་རྒྱབ་སྐྱོར་ཆེན་པོས་འོག བཟོ་སྐྲུན་འདི་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་ཡུན་སྐྱོང་བདེ་འགོད་ཀྱི་འབྲེལ་ཡོད་ཡིག་ཆའི་ཁྲོད་ཚུད་ཡོད་པར་མ་ཟད། རྒྱལ་ཁབ་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ནུབ་ཕྱོགས་གསར་སྤེལ་ཆེན་པོའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྲོད་ཚུད་ཡོད།

ཙོང་ཆུའི་ལྷོ་འགྲམ་གྱི་ཆུ་བེད་ཆུ་གཏོང་བཟོ་སྐྲུན་དེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ནས་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཙོང་ཆུའི་ལྷོ་འགྲམ་གྱི་མཚོ་ངོས་ལས་མཐོ་ཚད་ལ་རྨིད་ཉིས་སྟོང་བདུན་བརྒྱ་ཡོད་པའི་རི་ཁུལ་དུ་གནས་ཡོད་པ་དང་། ཧོང་ཀྲུང་རྫོང་དང་ཟི་ལིང་གྲོང་ཁྱེར། ཕིན་ཨན། ལི་ཏུའུ། མིན་ཧོ་སོགས་ཀྱི་སྲིད་འཛིན་ཁུལ་ཁོངས་དང་འབྲེལ་ཡོད་པ་དང་། ལས་གཞིའི་འཛུགས་སྐྲུན་ལས་འགན་གྱིས་ཆུ་གཏོང་དང་ཆུ་འདོན་གཙོར་བྱེད་བཞིན་ཡོད། ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཟི་ལིང་དང་མཚོ་ཤར་གྱི་རྗེས་གྲབས་འཕྲལ་བསྟུན་ཆུ་ཁུངས་ཡིན་པར་མ་ཟད། ནན་ཁྲོན་བཟོ་ལས་ར་བའི་ཁུལ་དང་ལམ་འགྲམ་གྱི་མཁར་གྲོང་གཙོ་བོ་སོ་ལྔ་དང་དབུལ་ཕོངས་སྡེ་བ་ཉིས་བརྒྱ་ང་གཅིག་ལ་ཆུ་མཁོ་སྤྲོད་བྱེད་ཐུབ། ཙོང་ཆུའི་ལྷོ་འགྲམ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་འགན་སྲུང་དང་འདེགས་སྐྱོར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ཏུ་རྒྱལ་ཁབ་ཀྱིས་ཙོང་ཆུའི་ལྷོ་འགྲམ་གྱི་ཆུ་བེད་ཆུ་གཏོང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་བརྩོན་ལེན་བྱེད་པའི་འཆར་གཞི་ཡོད་པ་དང་། རྒྱལ་ཁབ་ཀྱིས་ལས་གཞིའི་ཞིབ་བཤེར་ཆོག་མཆན་དང་བཟོ་སྐྲུན་ཇུས་གཞི་གཏན་ཁེལ་བྱེད་པ། མ་དངུལ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ཏེ་བཟོ་སྐྲུན་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།