མཚོ་སྔོན་ཞིང་ཆེན་གྱི་འཐུས་མིས་ཤུགས་ཆེན་པོས་དངོས་གཞིའི་དཔེ་དེབ་ཚོང་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་སྡེབ་འཚོང་སིལ་འཚོང་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་གསར་འགྱུར་འགྲེམ་སྤེལ་སྡེ་ཚོགས་མཛོད་འཇུག་སྡེབ་སྐྱེལ་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི”ནི་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་གསར་འགྱུར་འགྲེམ་སྤེལ་སྡེ་ཚོགས་ཀུང་ཟིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། “ཟི་ལིང་གི་དངོས་གཞིའི་དཔེ་དེབ་ཚོང་ཁང་གསུམ་སྣོན་གཅིག་གི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི”ནི་ཉེ་ཆར་ཧུར་ཐག་གིས་སྐུལ་སྤེལ་ལག་བསྟར་བྱེད་བཞིན་པའི་ལས་གཞི་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་མྰ་ཧྥུའུ་ཁྲང་དང་ཁོང་ཆིན་ཅུའུ། ཀྲང་ཞའོ་རོང་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་གཞིར་རྒྱབ་སྐྱོར་བྱས་ཏེ་ཤུགས་ཆེན་པོས་དངོས་གཞིའི་དཔེ་དེབ་ཚོང་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བསྟན་དོན། “རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་སྡེབ་འཚོང་སིལ་འཚོང་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་གསར་འགྱུར་འགྲེམ་སྤེལ་སྡེ་ཚོགས་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི”འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས། ཁེ་ལས་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་དཀའ་ཁག་སེལ་རྒྱུ་ཡིན་ཞིང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་གསར་འགྱུར་འགྲེམ་སྤེལ་སྡེ་ཚོགས་ཀུང་ཟིའི་ཕྱོགས་བསྡུས་དགེ་མཚན་འདོན་སྤེལ་བྱེད་པ་དང་། ད་ཡོད་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་བྱེད་ནུས་མང་པོའི་དངོས་སྐྱེལ་རྟེན་གཞི་འཛུགས་སྐྲུན་དང་། རྩིས་འཁོར་དྲ་རྒྱ་ཅན་གྱི་དོ་དམ་དང་སྨྱན་བྱད་གསར་བའི་ལག་རྩལ་ལ་བརྟེན་ནས་བསྡུ་འགྲེམས་གཞི་ཁྱོན་རྒྱ་ཆེར་སླེབས་པར་བྱས་ནས། རྒྱ་ཡིག་དང་བོད་ཡིག་གི་པར་སྐྲུན་ཡིག་རིགས་མཛོད་འཇུག་དང་སྡེབ་སྐྱེལ། སྡེབ་འཚོང་བྱེད་པའི་དམིགས་ཡུལ་མཐོར་འདེགས་བྱས་ཏེ། སྔར་ལས་བཟང་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བསམ་བློའི་རིག་གནས་དགོས་མཁོ་བསྐོང་བ་དང་། རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་དེབ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་པར་སྐྲུན་ཡིག་རིགས་ཀྱི་བསྡུ་འགྲེམས་ལྟེ་གནས་སུ་འགྱུར་བར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དངོས་གཞིའི་དཔེ་དེབ་ཚོང་ཁང་གི་འཕེལ་རྒྱས་ལ་རྨང་གཞི་རང་བཞིན་གྱི་དངོས་སྐྱེལ་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

འདིའི་རྨང་གཞིའི་སྟེང་། འཐུས་མི་གསུམ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་གཞིའི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ། ལས་གཞིས་རྒྱལ་ཁབ་ཀྱི་དངོས་གཞིའི་དཔེ་དེབ་ཚོང་ཁང་ལ་ཕན་པའི་རྒྱབ་སྐྱོར་སྲིད་ཇུས་སོ་སོ་ལོངས་སྤྱོད་བྱེད་པའི་དུས་མཉམ་དུ། གོང་གི་ལས་གཞི་ལ་མ་དངུལ་གཙོ་བོའི་རྒྱབ་སྐྱོར་བྱེད་དགོས་པ་དང་ལས་གཞི་བདེ་བླག་ངང་ལག་བསྟར་བྱས་ཏེ། སྔ་མོ་ནས་འདོན་དགོས་པའི་སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་འདོན་སྤེལ་བྱེད་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།