རེབ་གོང་རྫོང་ནས་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་དགེ་རྒན་གྱི་གསོ་སྦྱོང་སྤེལ།

W020180508414698781363.jpg

སྔོན་མའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱིས་༼  དགེ་རྒན་གྱི་བྱ་བའི་གལ་ཆེན་རང་བཞིན་ ༽  ཞེས་པའི་འཆད་ཁྲིད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ5ཚེས3ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་རོགས་རམ་དང་རེབ་གོང་རྫོང་སློབ་གསོ་ཅུའུ། སློབ་དཔྱོད་ཁང་གིས་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་མཐའ་འཁྱོལ་དང་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ལེགས་པོ་ཞིག་སྒྲུབ་ཆེད། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན300ལྷག་གི་གསོ་སྦྱོང་དེ་དབྱར་གསུམ་གྱི་མཁའ་རླུང་གཙང་མ་དང་བསྡོངས་ནས་རེབ་གོང་གསེར་མོ་ལྗོངས་ཀྱི་རོང་བོ་བཅའ་སྡོད་སློབ་གྲྭ་དང་བོ་དང་གཉིས་པ་ནས་དངོས་སུ་སྤེལ་འགོ་བརྩམས།

W020180508414698625381.jpg

རྫོང་བཅའ་སྡོད་སློབ་གྲྭའི་དགེ་རྒན་བདེ་མཆོག་གིས་མ་དཔེ་སློབ་ཁྲིད་བྱེད་བཞིན་པ།

W020180508414698622398.jpg

རོང་བོ་བཅའ་སྡོད་སློབ་གྲྭ་དང་བོའི་ཚོགས་རའི་ཟུར་གཅིག

W020180508414698621612.jpg

གཉན་ཐོག་སློབ་ཁུལ་གྱི་དགེ་རྒན་ལྕགས་མོ་ཚེ་རིང་གིས་མ་དཔེ་སློབ་ཁྲིད་བྱེད་བཞིན་པ། 

ཐེངས་འདིའི་གསོ་སྦྱོང་ལ་སློབ་ཆུང་དང་སློབ་འབྲིང་ཁག་གཉིས་སུ་བགོས་ཏེ། ས་གནས་ཀྱི་སློབ་ཆུང་གི་ཕུལ་བྱུང་དགེ་རྒན་མཁའ་འབུམ་དང་བདེ་མཆོག  ལྕགས་མོ་ཚེ་རིང་།  ཡུམ་ཆུང་རྒྱལ་བཅས་དང་སློབ་འབྲིང་གི་ཕུལ་བྱུང་དགེ་རྒན་དཀོན་ཅོག་སྐྱབས།  གནམ་ལྷ།  རིན་ཆེན་རྒྱ་མཚོ་བཅས་ཀྱིས་མ་དཔེ་སློབ་ཁྲིད་ཁྱོན་བསྡོམས16ཙམ་བྱས་པ་དང་དེ་ལ་དགེ་རྒན་ཉམས་མྱོང་ཅན་དང་འཇོན་ཐང་ཅན་དག་གིས་དཔྱད་བསྡུར་དང་བགྲོ་གླེང་གི་རྣམ་པ་བརྒྱུད་དེ་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་ལེགས་པོ་སྐྲུན།

W020180508414698623439.jpg

དབྱི་ཧྥུ་མི་རིགས་སློབ་འབྲིང་གི་དགེ་རྒན་གནམ་ལྷས་མ་དཔེ་སློབ་ཁྲིད་བྱེད་བཞིན་པ།

W020180508414698626861.jpg

རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གཡུང་དྲུང་ཐར་གྱིས་བརྡ་སྤྲོད་ཀྱི་སློབ་ཁྲིད་བྱེད་བཞིན་པ།

W020180508414698628914.jpg

རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པའི་ཚོགས་རའི་ཟུར་གཅིག

ས་གནས་སློབ་གསོ་འཕེལ་རྒྱས་དང་དགེ་རྒན་རྣམས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས།  སློབ་ཁང་སློབ་ཁྲིད་ཀྱི་བྱེད་ནུས་སྔོག་འདོན་བཟང་བོ་བྱེད་ཆེད། རེབ་གོང་རྫོང་སློབ་གསོ་ཅུའུ་སློབ་དཔྱོད་ཁང་གིས་སི་ཁྲོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ། སྔོན་མའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་དང་བདེ་མཆོག  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ།  སློབ་དཔྱོད་ཁང་གི་སློབ་དཔྱོད་པ་ནག་ཀྱཱ་བ་ཤ་བོ་ཚེ་རིང་བཅས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་མང་བོ་གདན་ཞུ་མཛད་དེ་གནད་དུ་ཐིངས་པའི་འཆད་ཁྲིད་གནངས་པས། རེབ་གོང་གི་བོད་སྐད་ཡིག་དགེ་རྒན་གྱི་བསམ་བློ་ཀུན་སྤྱོད་དང་སློབ་ཁང་སློབ་ཁྲིད། སློབ་གསོའི་འཕེལ་རྒྱས་ཐད་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན།

W020180508414698629300.jpg

W020180508414698624200.jpg

W020180508414698788699.jpg

ཆེད་ལས་མཁས་པ་དག་བསུ་བཞིན་པ།

W020180508414698782840.jpg

ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་འཆད་ཁྲིད་ལ་མདོ་འཛིན་བྱེད་བཞིན་པ།

W020180508414698784776.jpg

ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་༼  སློབ་གསོའི་ཁྱབ་ཁོངས་ཁྲོད་ནས་སློབ་ཁང་སློབ་ཁྲིད་ཀྱི་གནད་འགའ་གསོས་སུ་འདེབས་པ་ ༽  ཞེས་པའི་འཆད་ཁྲིད་བྱེད་བཞིན་པ།

W020180508414698786630.jpg

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུས་༼   སློབ་ཚན་ཁྲོད་ཀྱི་ལོ་རྒྱུས་ཀྱི་ཤེས་བྱའི་གནད་འགའ་བརྗོད་པ་༽  ཞེས་པའི་འཆད་ཁྲིད་གནང་བཞིན་པ།

W020180508414698781446.jpg

སྔོན་མའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་༼   སློབ་གསོ་དང་དགེ་རྒན་གྱི་འགན་འཁྲི་ ༽  ཞེས་པའི་འཆད་ཁྲིད་གནང་བཞིན་པ།

W020180508414698784745.jpg

སི་ཁྲོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་ལགས་ཀྱིས་༼   མིའི་རིགས་ཀྱི་དཔལ་ཡོན་དང་སློབ་གསོ་ ༽  ཞེས་པའི་འཆད་ཁྲིད་གནང་བཞིན་པ། 

མདོར་ན་ས་གནས་དང་མི་རིགས། རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་སུ་འགྲོ་དགོས་ན། སློབ་གསོ་ཡར་རྒྱས་སུ་འགྲོ་དགོས། སློབ་གསོ་ཡར་རྒྱས་སུ་འགྲོ་དགོས་ན། དཔེ་ཁྲིད་མི་སྐྱོང་གི་བྱ་བཞག་རླབས་པོ་ཆེ་ཁུར་དུ་ཁྱེར་མཁན་གྱི་དགེ་རྒན་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་ཤེས་རིག་གི་བྱང་ཚད་ཡར་རྒྱས་གོང་འཕེལ་དུ་གཏོང་བ་ལ་རག་ལས། མི་དམངས་ཀྱི་དགེ་རྒན་རྣམས་ལ་ཤེས་བྱ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས། སློབ་གསོའི་ཆ་འཕྲིན་བསྡུ་ལེན་བཅས་ཀྱི་བར་སྟོང་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། ས་གནས་དང་མི་རིགས་སློབ་གསོ་ལ་མེད་དུ་མི་རུང་བའི་དགེ་རྒན་གྱི་གསོ་སྦྱོང་ལས་གཞི་འདི་རེབ་གོང་གསེར་མོ་ལྗོངས་ནས་ཟླ5པའི་ཚེས7ཉིན་གྱི་དགུང་མོར་བདེ་བླག་ངང་མཇུག་སྒྲིལ་བ་མ་ཟད། ཡུལ་འདིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་འཕེལ་རྒྱས་ཐད་ལ་བྱེད་ནུས་མི་དམན་པ་ཞིག་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།