མཚོ་སྔོན་གྱིས་མཁར་གྲོང་གི་ངལ་རྩོལ་པ་ཁྲི14ལ་གསོ་སྦྱོང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《2018ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ངལ་རྩོལ་འཇོན་ནུས་གསོ་སྦྱོང་འཆར་འགོད་སྐོར་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ངལ་རྩོལ་པའི་འཇོན་ནུས་གསོ་སྦྱོང་ལས་དོན་ལ་བཀོད་སྒྲིག་བྱས་ཤིང་། 2018ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ངལ་རྩོལ་འཇོན་ནུས་གསོ་སྦྱོང་གི་སྤྱིའི་ལས་འགན་དང་འཆར་འགོད་ལ་བཀོད་སྒྲིག་དང་། གསོ་སྦྱོང་གཙོ་གནད་དང་བྱ་བའི་བླང་བྱ་བཅས་ཁ་གསལ་བཟོས།

《ལག་བསྟར་ཇུས་གཞི》ལས། སྤྱིའི་ལས་འགན་དེ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་གཞི་གཅིག་ཏུ་བསྡེབས་པ། རོང་འབྲོག་པའི་སྐྱེ་ཁམས་ཐོན་སྐྱེད། འཚོ་བའི་འཁོར་སྐྱོད། མི་རིགས་མཐུན་སྒྲིལ་བཅས་ཀྱི་སྐུལ་འདེད་བྱ་བ་འབུར་དུ་གཏོད་པ། དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་འཇོན་ནུས། ཞིང་ལས་པ། ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ། ཁེ་ལས་ལས་བཟོ་པ་སོགས་གཙོར་བོར་བཟུང་སྟེ། དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་འཇོན་ནུས་གསོ་སྦྱོང་དང་། ཁེ་ལས་ལས་བཟོ་པའི་ལས་ཀ་ལེགས་སྒྱུར་དང་འཇོན་ནུས་མཐོར་འདེགས་སྐོར་གྱི་གསོ་སྦྱོང་། ཞིང་ཕྱུགས་ལས་ཐད་ཀྱི་གསོ་སྦྱོང་། མཁར་གྲོང་ལས་ཞུགས་པའི་འཇོན་ནུས་གསོ་སྦྱོང་སོགས་ཀྱི་ལས་གཞི་ཆེན་པོ4ལག་བསྟར་བྱ་རྒྱུ།

དབུལ་ཐར་འགག་སྒྲོལ་ལས་སྒོའིའགུལ་གྱི་ཐད་ཀྱི་འཇོན་ནུས་གསོ་སྦྱོང་དང་། ཁེ་ལས་ཐོན་ནུས་དང་ལས་བཟོ་པའི་ལས་ཀ་ལེགས་སྒྱུར་དང་འཇོན་ནུས་མཐོར་འདེགས་སྐོར་གྱི་གསོ་སྦྱོང་། རོང་འབྲོག་པའི་རྣམ་པ་གསར་པའི་ལས་རིགས་སྐྱེད་སྲིང་དང་གསོ་སྦྱོང་། ལས་ཞུགས་བྱས་མེད་པའི་འབྲིང་རིམ་མཐར་ཕྱིན་སློབ་མའི་ཆེད་དོན་ལས་ཞུགས་གསོ་སྦྱོང་། ལས་གཏོད་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་། ཞིང་པའི་ལས་རིགས་འཇོན་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་། བོད་ཁུལ་མཁར་གྲོང་ངལ་རྩོལ་ནུས་པར་སྐུལ་འདེད་བྱེད་པའི་གསོ་སྦྱོང་། གྲོང་མི་གསར་པའི་གསོ་སྦྱོང་། ཁྱིམ་ལས་ཞབས་ཞུའི་ཐད་ཀྱི་གསོ་སྦྱོང་དང་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ན་གཞོན་ངལ་རྩོལ་ནུས་པའི་ལས་རིགས་སོགས་ཡོད་པ་རེད།

ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ངལ་རྩོལ་འཇོན་ནུས་གསོ་སྦྱོང་ལས་དོན་ནི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཅིག་གྱུར་སྙོམ་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་། གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོགས་ཀྱིས་གཞོགས་འདེགས་སྒོས། གསོ་སྦྱོང་ལ་ཞུགས་འདོད་ཡོད་ལ་ཆ་རྐྱེན་དང་མཐུན་པ་དག་མཁར་གྲོང་ངལ་རྩོལ་ནུས་པའི་གསོ་སྦྱོང་ཁྱབ་ཁོངས་ཁྲོད་བཞག་སྟེ། ཞིང་ཕྱུགས་ལས་ཐོན་སྐྱེད་འཚོ་བའི་ལག་རྩལ་དང་ལས་ཞུགས་ལས་གཏོད་ནུས་པ་མཐོར་འདེགས་བྱེད་པར་སྐུལ་འདེད་དང་། ཐོན་ལས་འཕེལ་རྒྱས་དང་གནད་འཁེལ་དབུལ་སྐྱོར་ལ་སྔར་བས་ཞབས་ཞུ་བསྒྲུབ་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།