མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ལྔ“2018 ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས” སུ་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5 ཚེས12 ཉིན་སྐབས་བཅུ་བཞི་པའི་ཀྲུང་གོ( ཧྲེན་ཀྲེན) རིག་གནས་དངོས་མང་བཤམས་སྟོན་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྟེ། རིག་གནས་ཡུལ་སྐོར་སྤུས་ལེགས་ཚོང་རྟགས་ཀྱི་མཐོ་རིམ་གླེང་སྟེགས་ཐོག   “2018 ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་མིང་ཐོ”ཁྱབ་བསྒྲིགས་བྱས། རང་རེའི་ཞིང་ཆེན་གྱི་ནང་ཆེན་རྫོང་། མདོ་ལ་རྫོང་སོགས་ས་ཁུལ་ལྔ་མིང་ཐོའི་ཁྲོད་ཚུད་ཡོད།

རྒྱལ་ཡོངས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག “ ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་མིང་ཐོའི” དོན་སྙིང་ནི“ མཛེས་པ་སྔོག་འཚོལ་དང་། མཛེས་པ་ཁྱབ་སྤེལ། མཛེས་པ་ལོངས་སྤྱོད”བཅས་ཡིན་ལ།  ས་ཁོངས་ཧྲིལ་པོའི་སྤུས་ལེགས་ཡུལ་སྐོར་ཚོང་རྟགས་ཀྱི་གྲུབ་འབྲས་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད་།

ཐེངས་འདིར།  “ 2018ལོའི་ཀྲུང་གོའི་ཆེས་པའི་རྫོང་ཁོངས་མིང་ཐོའི” ཁྲོད་ཚུད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན( གྲོང་ཁྱེར་དང་། རང་སྐྱོང་ལྗོངས)གྱི་རྫོང( གྲོང་ཁྱེར་དང་། ཆུས)230ལྷག་ཡོད་པ་དང་། རང་རེའི་ཞིང་ཆེན་གྱིས་མིང་ཐོའི་ནང་ཚུད་པའི་ཞིང་ཆེན་གྱི་ས་ཁུལ་སོ་སོ་ནི་ནང་ཆེན་རྫོང་དང་། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་།  ཁྲི་ཀ་རྫོང་། མདོ་ལ་རྫོང་། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་བཅས་ཡོད།

མིང་ཐོར་གདེང་འཇོག་གཙོ་བོ་བྱེད་མཁན་ཀྲུང་ཡོན་སྤུས་རྟགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥང་ཡུན་ཀྲུའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་མིང་ཐོའི་ཁྲོད་ཚུད་པའི་ས་ཁུལ་ནི“ མཛེས་སྡུག་ལྡན་པའི་ཀྲུང་གོའི”མཚོན་དཔེ་ཞིག་ཡིན་ལ། ལ་ལ་ནི་ཡུལ་སྐོར་བའི་རྣ་བར་འཇགས་པའི་མཛེས་ལྗོངས་ཁུལ་ཡག་ཤོས་ཡིན་པས། དཔལ་འབྱོར་ཁེ་ཕན་གྱི་འཁོར་རྒྱུག་ཆེན་པོ་ཐོན་གྱིན་ཡོད་རུང་དེ་མཚུངས་ཁྱབ་སྒྲོག་བྱེད་མཁན་མ་བྱུང་བས། ཡུལ་སྐོར་རིན་ཐང་ལ་འཐོབ་འོས་ཀྱི་དར་སྤེལ་དང་སྔོག་སྤེལ་རག་གི་མི་འདུག་ཟེར།

“ ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་མིང་ཐོ” ནི་ཚོང་ལས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་མི་ཐེབས་པའི་སྤྱི་ཕན་རང་བཞིན་གྱི་མིང་ཐོ་ཞིག་ཡིན་པས། གདེང་འཇོག་བྱེད་པའི་སྲོག་ཤིང་ཚད་གཞི་ནི“ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས” དང “ཧ་ཅང་བཟང་བའི་སྐྱེ་ཁམས་ཁོར་ཡུག”ཡིན། “མིང་ཐོའི་ནང་ཚུད་པའི་ས་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་མཛེས་ཤིང་ཡིད་དུ་འོང་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་ཡུལ་སྐོར་བ་ཇེ་མང་དུ་འགྲོ་ཐུབ་ངེས་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།