མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པ་བརྗོད་གཞི་ཡིན་པའི་གཏམ་བཤད་འགྲན་སྡུར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྲུབས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པ་བརྗོད་གཞི་ཡིན་པའི་བྱ་འགུལ་གྱི་གཏམ་བཤད་རྟིང་རྩོད་འགྲན་སྡུར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གྲོས་ཚོགས་ལྟེ་གནས་ནས་བདེ་བླག་ངང་མཇུག་སྒྲིལ། ཁུལ་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་ཉེར་བརྒྱད་རྟིང་རྩོད་འགྲན་སྡུར་ལ་ཞུགས་པ་དང་། མགོ་ལོག་ཁུལ་གྱི་ཐད་གཏོགས་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག སློབ་གྲྭའི་དགེ་སློབ་སོགས་མི་ལྔ་བརྒྱ་ལྷག་གིས་གཏམ་བཤད་ལ་ཉན།

བྱ་འགུལ་ཁྲོད། འགྲན་ཞུགས་པ་ཉེར་བརྒྱད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་གཞིར་དམ་དུ་དམིགས་ནས་མེས་རྒྱལ་ལ་དགའ་བ་དང་ཕ་ཡུལ་དགའ་བའི་བརྩེ་སེམས་མཚོན་པར་བྱས་པ་དང་། རང་རང་གི་ལས་གནས་སྟེང་དཀའ་སྤྱད་འབད་བརྩོན་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་གསར་པའི་སྙིང་སྟོབས་མཚོན་པར་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཛ་དྲག་གི་འགྲན་བསྡུར་བརྒྱུད། འགྲན་ཞུགས་པ་བཅུ་བདུན་ལ་རྒྱ་སྐད་ཀྱི་གཏམ་བཤད་བྱ་དགའ་དང་འགྲན་ཞུགས་པ་བཞི་ལ་བོད་སྐད་ཀྱི་གཏམ་བཤད་བྱ་དགའ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་ལྔ་བའི་ཚུན་ལ། མགོ་ལོག་ཁུལ་གྱི་རྫོང་སོ་སོ་དང་སྡེ་ཁག་སོ་སོས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་གཏམ་བཤད་འགྲན་སྡུར་སྤེལ་ཏེ་མགོ་ལོག་ཁུལ་གྱི་ས་ཁུལ་སོ་སོས་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱེད་པར་སྣང་ཚུལ་བཟང་བོ་བསྐྲུན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།