བུའུ་ཞན་ཅི་ཚད་ཡོད་ཀུང་སི་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་གཉིས་ཀྱིས་འབྲོག་ཁུལ་དུ་གནད་ཁེལ་དབུལ་སྐྱོར་གྱི་བྱ་འགུལ་སྤེལ་བ།

དབུལ་སྐྱོར་གནད་ཁེལ་གྱི་བྱམས་བརྩེ་མཐོ་སྒང་གི་བྱིས་པར་འབྲེལ།  ཉེན་རྟོག་མི་སྣས་མི་དམངས་ལ་ལག་གདང་སྤྲེལ་ནས་ཏང་ཡོན་གྱི་སྙིང་སྟོབས་དར་སྤེལ་བྱེད།

——བུའུ་ཞན་ཅི(ཀྲུང་གོ)ཚད་ཡོད་ཀུང་སི་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་གཉིས་ཀྱིས་འབྲོག་ཁུལ་དུ་གནད་ཁེལ་དབུལ་སྐྱོར་གྱི་བྱ་འགུལ་སྤེལ་བ།

3.jpg

ཞལ་འདེབས་འབུལ་བའི་ཡུལ་དངོས།

5.jpg

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་ཀྱིས་བུའུ་ཞན་ཅི་ཚད་ཡོད་ཀུང་སི་གཟི་ལྡན་བྱང་ཡིག་གནང་བ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།)  བྱིས་པའི་སློབ་གསོ་ལ་དོ་སྣང་དང་སློབ་ཁྲིད་ཐོན་ཁུངས་མཐོར་འདེགས་སུ་གཏོང་བ། བྱིས་སྐྱོང་ཁང་གི་བྱིས་པའི་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དང་བུའུ་ཞན་ཅི(ཀྲུང་གོ)ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི་གཉིས་ཀྱིས་མཉམ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གཞོན་ནུ་དང་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་རོགས་སྒྲུབ་བྱས་པའི“དབུལ་སྐྱོར་གནད་ཁེལ་གྱི་བྱམས་བརྩེ་མཐོ་སྒང་གི་བྱིས་པར་འབྲེལ། ཉེན་རྟོག་མི་སྣས་མི་དམངས་ལ་ལག་གདང་སྤྲེལ་ནས་ཏང་ཡོན་གྱི་སྙིང་སྟོབས་དར་སྤེལ་བྱ”ཞེས་པའི་སྤྱི་ཕན་བྱ་འགུལ་ཟླ6པའི་ཚེས13ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཕག་སྐོར་བྱིས་སྐྱོང་ཁང་དུ་སྤེལ།

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་ཆབ་སྲིད་ཨུ་ཡོན་ལྷག་པ་དང་བུའུ་ཞན་ཅི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཚའོ་མིན་གཉིས་ཀྱིས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

མཛད་སྒོའི་སྟེང་བུའུ་ཞན་ཅི་མཚོ་སྔོན་ཡན་ལག་ཀུང་སིས་ཕག་སྐོར་བྱིས་སྐྱོང་ཁང་ལ་སློབ་ཁྲིད་ཡོ་ཆས་དང་དཔེ་དེབ། དུག་སེལ་བྱེད་ཆས་སོགས་རིན་ཐང་སྒོར་ཁྲི་གཉིས་ལྷག་གི་དངོས་རྫས་ཕུལ་ཞིང་།བྱིས་སྐྱོང་ཁང་གི་བྱིས་པ་ཚོས་ཞབས་བྲོའི་ལེགས་སྐྱེས་ཕུལ་བ་དང་།མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཡོན་སྔོན་ཐོན་མི་སྣ་དང་བུའུ་ཞན་ཅི་ཡི་དང་བླངས་མི་སྣས་བྱིས་པ་ཚོ་དང་མཉམ་དུ་རི་མོ་འབྲི་བ་དང་ཤོག་བྱ་ལྟེབ་པ་སོགས་ཀྱི་རིག་རྩལ་བྱ་འགུལ་སྤེལ།

6.jpg

དང་བླངས་མི་སྣས་བྱིས་པ་དང་མཉམ་དུ་རྫ་ཆས་སྟེང་ཚོན་བྱུགས་བཞིན་པ།

9.jpg

དང་བླངས་མི་སྣས་བྱིས་པ་ཚོར་སྨོན་ཚིག་འབྲི་བཞིན་པ།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་བུའུ་ཞན་ཅི(ཀྲུང་གོ)ཚད་ཡོད་ཀུང་སིས་སྤྱི་ཚོགས་ཡོངས་སུ་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར2ལས་བརྒལ་ཡོད། 2012ལོར་དམངས་སྒོར་ཁྲི2000ལྷག་བཏང་ནས“སི་ལིས་ཅི་རེན”(思利及人)ཞེས་པའི་སྤྱི་ཕན་ཐེབས་རྩ་ཚོགས་པ་བཙུགས་ནས་དམངས་ཡོངས་ཀྱི་བདེ་ཐང་དང་དབུལ་སྐྱོར་སློབ་སྐྱོབ། གནོད་སྐྱོབ་ཞན་སྐྱོར་བཅས་ཕྱོགས་གསུམ་ཐད་ལ་རོགས་སྐྱོར་བྱས།  ཐེབས་རྩ་ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི“སི་ལིས་ཅི་རེན”གྱི་དཀྱིལ་སྙིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་རྒྱུ་དང་། དམངས་ཡོངས་ཀྱི་བདེ་ཐང་ལ་དོ་སྣང་། བརྩེ་སེམས་ནུས་ཤུགས་གཅིག་བསྡུས། སྤྱི་ཚོགས་འཆམ་མཐུན་དང་མདུན་དུ་བསྐྱོད་པར་སྐུལ་འདེད་བཅས་བྱ་རྒྱུ་དེ་ཡིནཞིང་། ཐེངས་འདིའི་སྤྱི་ཕན་བྱ་འགུལ་ཀྱང་ཐེབས་རྩ་ཚོགས་པ་འདི་ཉིད་ཀྱི་དབུལ་སྐྱོར་སློབ་སྐྱོབ་ཐད་ཀྱི་སྤྱི་ཕན་བྱ་འགུལ་ཞིག་རེད།  །

ཞལ་འདེབས་གནང་བའི་དངོས་རྫས།

8.jpg

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་ཏང་ཡོན་སྔོན་ཐོན་མི་སྣ་དང་བུའུ་ཞན་ཅི་ཡི་དང་བླངས་མི་སྣས་བྱིས་པ་ཚོ་དང་མཉམ་དུ་པར་བསྐྱོན་པ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།