མཚོ་སྔོན་སོག་རྫོང་གི་དབུལ་ཐར་རོང་འབྲོག་པའི་འཚོ་བ་གསར་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་སྐྱེ་ཁམས་དམིགས་སུ་བཀར་ནས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་བ་དང་། སྣ་མང་ཅན་གྱི་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆུ་བེད་དང་འགྲིམ་འགྲུལ་སོགས་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡུལ་གཞན་དུ་གནས་སྤོར་དང་དབུལ་སྐྱོར་གནས་སྤོར་བདེ་བཀོད་བྱ་བ་ལག་བསྟར་བྱས་པ་དང་། ནུས་རྩལ་གསོ་སྦྱོང་དང་། ཐོན་ལས་དབུལ་སྐྱོར། སྤྱི་ཚོགས་རོགས་སྐྱོར། ལས་ཞུགས་སྤོ་སྒྱུར་སོགས་བྱེད་ཐབས་མང་པོ་སྤྱད་དེ། བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་སྡེ་བ16གི་དབུལ་ཕོངས་ཁྱིམ་ཚང1440ཡི་མང་ཚོགས5400ལ་གནད་འཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པར་གྲུབ་འབྲས་བཟང་བོ་ཐོབ། 2017ལོར་རིམ་པོ་གང་མང་ཞིག་གི་ཞིབ་བཤེར་རྩིས་ལེན་བརྒྱུད། ཧི་ནན་རྫོང་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་དང་པོའི་དབུལ་ཐར་གྲོང་ཚོ་རུ་གྱུར་བ་རེད།   །

1122982493_15289335949691n.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།