མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ན་གཞོན་ལས་བྱེད་པ་ང་ལྔ་བོད་ཀྱི་ཁ་སྐད་གསོ་སྦྱོང་འཛིན་གྲྭར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་རབས་གསར་བའི་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་བྱ་བའི་གནས་བབ་དང་རེ་བར་མཐུན་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རོང་འབྲོག་ཁུལ་དང་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་འབེན་དུ་བྱེད་པ། བོད་ཀྱི་ཁ་སྐད་སྦྱོང་རྒྱུ་གཙོ་གནད་དུ་བྱས་ཏེ། ཧུར་ཐག་གིས་བོད་སྐད་གོ་བ་དང་བརྗེ་རེས་ལ་མཁས་པ། མང་ཚོགས་ཀྱི་བྱ་བ་སྒྲུབ་ཤེས་པའི་བྱང་ཚད་མཐོ་བའི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་གཞི་རིམ་ལས་བྱེད་པའི་བོད་ཀྱི་ཁ་སྐད་སྦྱོང་བའི་གསོ་སྦྱོང་འཛིན་གྲྭ་སྐབས་དགུ་བ་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་སོ་སོ་ནས་ཡོང་བའི་གཞི་རིམ་ན་གཞོན་ལས་བྱེད་པ་ང་ལྔ་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་། གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་དྲུག་ཅུ་རེད།

གསོ་སྦྱོང་འཛིན་གྲྭས་གཞི་རིམ་ལས་བྱེད་པའི་བོད་ཡིག་གི་ཆུ་ཚད་ལ་དམིགས་ནས། སློབ་མ་ཚོར་བོད་ཡིག་གི་དགེ་རྒན་གཉིས་བཀོད་སྒྲིག་བྱས་ནས་སློབ་ཁྲིད་དང་ཆེད་དོན་འཆད་ཁྲིད་སྤེལ། གསོ་སྦྱོང་གི་ནང་དོན་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་དང་། བོད་རིག་གནས་ཀྱི་སློབ་ཁྲིད་དང་བོད་ཀྱི་ཁ་སྐད་དགེ་རྒན་གཉིས་ཀྱིས་སློབ་ཁྲིད་བྱེད་པ་གཙོར་བྱས་ཡོད་ལ། དགེ་རྒན་གྱི་གསོན་ཉམས་ལྡན་པའི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་སློབ་མ་ཚོའི་བོད་ཡིག་སློབ་པའི་བརྩོན་སེམས་ཆེར་བསྐྱེད་པ་དང་། ཁ་སྐད་ཀྱིས་གླེང་མོལ་བྱེད་པ་དང་བོད་ཀྱི་ལོ་སར་ལ་རྒྱུས་ལོན་བྱེད་པ། ཚན་ཆུང་བགོས་ནས་བོད་སྐད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་པ་དང་བོད་ཀྱི་རིག་གནས་སྐོར་བགྲོ་གླེང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་སྦྱོང་བྱས། སློབ་གསེང་གི་སྐབས་སུ། སློབ་མ་ཚོས་དགེ་རྒན་བར་གྱི་བརྗེ་རེས་ལ་མཐོང་ཆེན་བྱས་པ་དང་། སློབ་མ་སོ་སོའི་བར་དུ་བོད་ཀྱི་ཁ་སྐད་སྤྱད་དེ་བརྗེ་རེས་བྱས་པས། ཁ་སྐད་ཀྱི་བརྗེ་རེས་ཆུ་ཚད་མཐོར་འདེགས་བྱས་པ་མ་ཟད། སློབ་མ་ཚོའི་བར་དུ་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་མཐོར་འདེགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་བཙུགས།

ཟླ་གཅིག་ཙམ་གྱི་བོད་ཀྱི་ཁ་སྐད་སློབ་སྦྱོང་བརྒྱུད་དེ། བོད་ཀྱི་ཁ་སྐད་སྦྱོང་བའི་འཛིན་གྲྭ་སྐབས་དགུ་བའི་སློབ་མ་རྣམས་ཕྱོགས་གང་ཐད་ནས་ཡར་ཐོན་ཆེན་པོ་བྱུང་བ་དང་། ཁ་སྐད་ཀྱིས་གླེང་མོལ་བྱེད་པའི་ནུས་པ་ཡང་མངོན་གསལ་སྒོས་ཇེ་ཆེར་སོང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།